ཁ་སྡེ།


༡ ཁ་དང་ལགཔ་འཐབ་ད་ཀི་ལི་ཟུར་ཁར་བཏོན། །གཉེན་གྲོགས་དང་ ཡང་ཅིན་ ཆ་རོགས་ཀྱི་བར་ན་མ་འགྲིགཔ་བྱུང་པའི་ནམ་དུས་ལུ་ རང་གིས་བསམ་བཟང་པོའི་སྒོ་ལས་ བར་ན་འཛུལ་ཏེ་ གཏམ་གྱི་བདེན་རྫུན་དང་ ནད་ཀྱི་ཚ་གྲངས་དང་འཁྲིལ་ཏེ་ལོ་རྒྱུས་སླབ་རུང་ ཤུལ་མ་ཁོང་ར་གཉིས་ལོག་འཆམ་པའི་བསྒང་ལས་ བར་མི་དེ་ཟུར་ཁར་ འཐོན་ཏེ་ ཁོང་རང་གཉིས་ཁ་འཐབ་རུང་ ཧིང་མི་འཐབ་པའི་དོན་སྟོནམ་ཨིན་པས།
༢ ཁེ་རྒོ་ཨ་ཁུ་དོམ་གྱིས་བཏོན།།ཁ་མཆུ་ལག་ཆུ་སྤྱ་གིས་བསྒྱུར། །དཀའཝ་སྤྱད་དེ་ལཱ་གཞན་གྱིས་འབད་རུང་ངོ་གཅིག་གིས་སྟོན་པའི་དོན་དག་ཨིན་པས།
ཁེ་རྒོ་གླང་ཆེན་ལུ་ཡོད་རུང་། །ཡར་འཕར་ཀི་ཤིག་གིས་རྐྱབ་ཨིན།
༤ ཁེ་ཡོདན་རང་འཐག་ཡང་གློ་བར་བཏགས། རང་ལུ་ཕནམ་ཅིག་ཡོདན་ ལ་ཁག་ག་ཅི་ཨིན་རུང་འབད་དགོ་པའི་དོན།
༥ ཁེངམ་ཆུང་རུང་མེ་ཏོག།གདུང་ཤིང་སྦོམ་རུང་ཁོག་སྟོང་།།
༦ ཁ་བཤད་ཆུའི་ལྦ་ག།ནོརབུ་རྒྱ་མཚོ་གཏིང་ལུ་མི་ཐིམ།།
༧ ཁ་མཆུ་སོར་གསུམ་གྱིས།།ལྟག་ཀོ་ལག་ལེབ་གང་འབྱང་།།རང་གིས་ཉམས་དགའ་བའི་ཞོར་ཁར་དང་ བརྟག་དཔྱད་ག་ནེ་མེད་པར་ ཁ་ལུ་ག་འཁོར་ཚེ་སླབ་པ་ཅིན་ ཁ་ལས་འཐོན་ཚེ་རླུང་།།རླུང་སྤར་བཞམ་ཚེ་གསེར།།ཟེར་དོ་བཟུམ་སྦེ་ བློའི་ཚིག་རོགས་ལུ་ཤོར་ནི་དང་ རང་ཁེ་ག་ནེ་ཡང་མེད་པར་ མཇུག་དོགས་སར་ཚུད་པའི་དོན།
༨ མཁས་པའི་མི་ལུ་རྩ་གཅིག་ཡོད།།
༩ ཁུར་ཨ་པས་འབག་ཚེ་ཡང་ཡང་འདྲ།།ཟས་ཨ་མས་ཟ་ཚེ་ཞིམ་ཞིམ་འདྲ།།ལཱ་རོགས་ཀྱིས་འབདཝ་ད་འཇམ་དོ་བཟུམ་སྦེ་མཐོང་རུང་ རང་གིས་འབདཝ་ལ་ཁག་ཡོད་པའི་དོན།༡༠ ཁབ་རྩེ་གཉིས་ཀྱིས་བཙེམ་མི་བཏུབ།། བློ་རྩེ་གཉིས་ཀྱིས་དོན་མི་གྲུབ།།
༡༡ ཁལམ་ཆུང་རུང་མེ་ཏོག། དུང་ཤིང་སྦོམ་རུང་ཁོང་སྟོང་།།
༡༢ ཁྱི་དང་བུད་མེད་ཨོ་རོག་གསུམ།། སྦྱིན་པ་བཏང་པའི་ཡུལ་ཡིན།།
༡༣ མཁས་རྟགས་ཞི་ཞིང་འདུལ་བ།། སྒོམ་རྟགས་ཉོན་མོངས་མེདཔ།།
༡༤ ཁུར་ཆ་གཡག་གིས་འབག།སྐད་འབྱོགཔ་གིས་རྐྱབ། དཀའཝ་གཅིག་གིས་སྤྱད་ སྒྲུབ་གཅིག་གིས་ཐོབ་པའི་དོན།
༡༥ ཁྱོད་ཟ་ཟཝ་བ།།ང་བོར་བོརཝ་མང་།།ལྟ་རྒྱ་མཐོང་རྒྱ་དང་སྦྱང་བ་ཡོད་པའི་དོན།
༡༦ ཁྲོ་ཅུང་ཟངས་ཅུང་ཟེར་རུང་།།རྒྱུ་རྟགས་ལྕགས་ར་ཨིན།། ཁག་གཅིག་ཨིན་པའི་དོན།
༡༧ ཁ་ནང་གི་རྨ་དེ་ ལྕེ་གིས་བཅོ་དགོ།ནང་འཁོད་ ཡང་ཅིན་བཟའ་ཚང་ནང་ལུ་སྟབས་མ་བདེཝ་འབྱུང་པའི་ནམ་དུས་ལུ་ ཕྱི་རོགས་ཀྱིས་མ་ཤེསཔ་ལས་ རང་གིས་དཀའ་ངལ་བསལ་ནིའི་ཐབས་ལམ་བཏོན་དགོ་པའི་དོན།
༡༨ ཁུ་རུ་པའི་ཆང་ནང་ཞོལ་ལེམ་གྱི་དྲིམ་ཅིག་ཡོད།།གྱོས་སྐོར་གཅིག་ཨིན་རུང་ གྲས་ཁར་མེན་པའི་ལོ་རྒྱུས་སླབ་པའི་སྐབས་ ཕར་ལོགས་མའི་སྐྱོན་སློང་མའི་དོན།
༡༩ ཁ་མཆུ་སོར་གསུམ་གྱིས།།ལྟག་ཀོ་ལག་ལེབ་གང་འབྱང་།།ཉམས་དགའ་བའི་ཞོར་ཁར་ ཁར་ག་འཁོར་ཚེ་སླབ་པ་ཅིན་ ཚིག་རོགས་ལུ་ཤོར་ཏེ་ རང་ལུ་གནོད་ཉེན་སྦོམ་ཡོདཔ།

%d bloggers like this: