བཅོ་ཐབས།


དེ་བསྒང་ང་བཅས་རའི་རྒྱལ་ཁབ་ནང་ ཕྱི་པ་དང་ནང་པའི་གསོ་བ་རིག་པའི་སྨན་བཅོས་ ཡོངས་གྲགས་མེད་པའི་ནམ་དུས་ལུ་རང་སོའི་གཡུས་ཀྱི་ལུགས་སྲོལ་གྱི་ སྨན་བཅོས་འབད་ཐངས་མ་འདྲཝ་སོ་སོར་འདུག

རྨ་གསར་པའི་སྨན་བཅོས་འབད་ཐངས།
འབྲུག་ཤར་ཕྱོགས་དང་ ལྷོ་ཕྱོགས་ལུང་ཕྱོགས་ནང་ རང་ལུགས་ཀྱི་སྨན་བཅོས་འབད་སྲོལ་ག་དེ་སྦེ་ཡོད་ག་ རང་གིས་ཁུངས་བཀལ་མི་ཚུགས། ནུབ་ཕྱོགས་ལུང་ཕྱོགས་ནང་ དེ་བསྒང་སྨན་ཁང་མེད་པའི་དུས་སྐབས་ལུ་ གྱི་ཅུང་དང་ སྟ་རེ་ཏོག་ཙེ་གིས་རྐང་ལག་གུ་རྨ་བཏོནམ་ད་ ལ་ལུ་ཅིག་གིས་ཁྲག་གཅད་ནིའི་དོན་ལུ་ རྨ་གུ་བ་ཤན་མའི་གཤན་ཐག་དང་། རས་མེས་གཏང་སྟེ་སྦྱར་ནི། པ་ནེ་རྨུར་ཏེ་བཀལ་མི་འདི་གིས་ ཁྲག་ཆདཔ་འཇམ་མ་ཚད་ རྨ་ཁ་སྡམ་མགྱོགས་པའི་ཡིད་ཆེས་བསྐྱེདཔ་ཨིན་པས།

མིག་ནད་ཀྱི་སྨན་བཅོས་འབད་ཐངས།
མིག་ཏོ་ན་བའི་སྐབས་ལུ་ སྐྱེར་པའི་རྩང་ཆུ་ནང་སྦང་སྟེ་མིག་ཏོ་འཁྱུ་ནི། ལྟོ་དང་མར་སྒྱིར་ཏེ་རླངམོ་བདུགཔ་ནི།
ལྷ་པ་ནང་ལས་ཁྲག་ཆད་ནིའི་བཟློག་ཐབས།
མགུ་ནད་ཀྱིས་ལྷ་པ་ནང་ལས་ཁྲག་འཐོན་ཏེ་ ཆད་མ་བཏུབ་པའི་སྐབས་ལུ་ ཁེང་པ་འདབ་མ་གིས་བསུཔ་ད་ ཡུདཔ་ཐེངས་ཅིག་ལུ་ཁྲག་ཆདཔ་ཨིན་པས།

ཕོ་ནད་བཀག་ཐབས།
ཕོཝ་ཨ་མེད་ཨུ་མེད་སྦེ་ནཝ་ད་ དུང་དཀར་གྱི་ཅུང་གིས་ཀྲེག་སྟེ་ ཆུ་ནང་བླུགས་ཏེ་འཐུང་ནི། བྱང་བུད་ཆུ་དང་སླ་བསྲེས་ཏེ་འཐུང་ནི།

རྐང་ལག་སྦོ་པའི་སྐབས་སྨན་བཅོས།
རྐངམ་འདམ་གྱིས་ཟ་སྟེ་ གཡའ་ཞིན་ན་སྦོ་པ་ཅིན་ མཛུབ་མོའི་རྩ་བ་ལས་ཐགཔ་གིས་སྤུས་ཙ་སྦེ་བསྡམ་ཞིན་ན་ ཚར་བཤུས་རྣོས་ཁེག་ཁེ་གིས་གསོབ་སྟེ་ཁྲག་བཙག་པ་ཅིན་ དྲགཔ་འཇམ་ཨིན་པས། དེ་མ་ཚད་གཉའ་ཤིང་ཐུགཔ་བཏོག་ཞིན་ན་ ཆུ་ཚན་ནང་བཙོ་སྟེ་ རྐང་ལག་སྦང་པ་ཅིན་ ཉིནམ་གཅིག་ནང་ར་དྲགཔ་ཨིནམ་བཤད་ནི་འདུག

 

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s