དགའ་མཐུན་ཕྱད་སྲོལ།


དེ་བསྒང་འབྲུག་རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་འགོ་མ་བཙུགས་པའི་སྐབས་ལུ་ ཕོ་མོའི་བར་ན་དགའ་མཐུན་བྱུང་ཐངས་ ཁྱད་པར་མ་འདྲཝ་ལེ་ཤ་ཡོད་རུང་ ཁྱབ་ཆེ་ཤོས་ར་ ད་རིས་ནངས་པ་བཟུམ་སྦེ་ ལུང་ཕྱོགས་སོ་སོའི་ཕོ་མོ་ཚུ་འབྲེལ་བ་གནམ་མེད་ས་མེད་ཅིག་འཐབ་ནི་མེད་ནི་འདི་གིས་ གཡུས་སྒོ་གཅིག་པའི་བུམོ་དང་བུཚ་ཆ་ཁྱབ་ ལེ་ཁར་ཐོག་བཏབ་ནི། ལུད་སྐྱེལ་ནི། རི་ཁར་རྩ་བརྔ་ནི། ནོར་གཅིག་ཁར་འཚོ་བར་འགྱོ་བའི་སྐབས་ལུ་ ཚར་གཅིག་བ་ཚར་གཅིག་ མཐུན་འབྲེལ་དམ་ཟབ་སོང་སྟེ་ གཅིག་གིས་གཅིག་ལུ་སྲན་མ་ཚུགས་པའི་གཏམ་ལོ་རྒྱུས་བཤད། དྲོ་སར་ཡུན་རིངནི་ལྕགས་ཡང་ཞུན་བཏགས། །གྱང་སར་ཡུན་རིང་པ་ཅིན་ཆུ་ཡང་རྡོག་མ་བཏགས། །ཟེར་དོ་བཟུམ་སྦེ་ འགྲོས་ཀྱིས་སྦེ་གཅིག་མེདན་ གཅིག་མ་ཆགས་པར་ དུས་རྟག་བུ་ར་མཉམ་གཅིག་སྡོད་ནིའི་གོ་སྐབས་འཚོལཝ་ཨིན་པས།

ཨིན་རུང་ བུཚ་དང་བུམོ་ལ་ལུ་ཅིག་ གཅིག་གིས་གཅིག་ལུ་སེམས་ཆགས་རུང་ ཁ་ལས་འཐོན་ཏེ་སླབ་ནིའི་སྤོབ་མ་ཐོབ་པར་ བར་ན་ཆ་རོགས་བཙུགས་ཏེ་དགའ་མཐུན་བཤད་པའི་ལོ་རྒྱུས་འདུག ད་རུང་ཆ་རོགས་ཚུ་གྱལ་བསྒོརམ་སྦེ་བཅད་དེ་ རྩང་མོ་བཏབ་སྟེ་ རང་སོའི་ལས་གནམ་བསྐོས་ཡོད་མི་འདི་ གཅིག་ཁར་ཕྱད་པའི་ཡིད་ཆེས་བསྐྱེདཔ་ཨིན་པས།

བར་སྐབས་ཅིག་ལས་ ད་རིངས་ནངས་པ་གི་འཕྲུལ་རིགས་གོང་འཕེལ་སོང་མི་དང་བསྟུན་ཏེ་ དགའ་མཐུན་ཕྱད་ནི་ལུ་དུས་ཚོད་གངམ་མི་འགོར་རུང་ མཐའ་བརྟན་ཧིང་ཐད་ལུ་ གཅིག་མཐོངན་དགའ་དགའ་འདྲ། །གཉིས་མཐོངན་སྐྱིད་སྐྱིད་འདྲ། །ཟེར་དོ་བཟུམ་སྦེ་ཐ་དམ་ཚིག་བསྟེན་ཏེ་ ཡུན་བརྟན་སྦེ་གནས་ཚུགས་པ་ལ་ཁག་འདུག།

 ལྟག་ལུ་འགྱོ།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s