ཨོ་རྒྱན་གུ་རུ།


སྤྱིར་བཏང་འབྲུག་རྒྱལ་ཁབ་ཨོ་རྒྱན་རིན་པོ་ཆེའི་སྦས་གནས་ཁྱད་པར་ཅན་ཅིག་ཨིན་པའི་ནང་ ལས་ སྤ་རོ་ལུང་གཤོང་འདི་ ཆོས་ནོར་ཟབ་གཏེར་གྱིས་གང་བའི་ལུང་གཤོང་ཅིག་ཨིན་པའི་ནང་ལས་ སྤ་རོ་སྦོང་སྡེ་སོ་ནམས་འཕྲུལ་ཆས་ལྟེ་བའི་ས་ཁོངས་ནང་ལས་ སྣུམ་འཁོར་ཟུར་ལམ་བདའ་སྟེ་ཀོ་ལོ་མི་ཊར་༡༦དེ་ཅིག་གི་ས་ཁར་ མཐོང་གསལ་ཆེ་བའི་སྤོ་ཏོ་ཅིག་གུ་ སྤངམ་ཨོ་རྒྱན་གུ་རུ་ལྷ་ཁང་དེ་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལཝ་ཨིན་མས།
དུས་རབས་༦པའི་ནང་ སངས་རྒྱས་གཉིས་པ་ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ ས་ཁོངས་དེ་ནང་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་ཏེ་ འདྲེ་་སྲིན་གདུག་པ་ཅན་ཚུ་དམ་ལུ་བཏགས་ཏེ་སྒྲུབ་པ་གནང་བཞུགས་ནུག།དེའི་ཤུལ་མ་ གཏེར་བཏོན་ཤེས་རབ་མེ་འབར་གྱིས་གདན་ས་ཆགས་བཏབ་གནངམ་མ་ཚད་ ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་ ནུབ་མཚོ་ན་པ་ཏྲ་ལས་བཞེས་མི་གཏེར་ཚུ་ ལྷ་ཁང་དེ་ནང་ལུ་ནང་རྟེན་སྦེ་བཞུགས་ཡོདཔ་ཨིནམ་ལས་ རྒྱལ་ཁབ་ནང་ལྷ་ཁང་དེ་ག་ནེ་བ་རྩ་ཆེས་ཏོག་ཏོ་སྦེ་བརྩིཝ་ཨིན།ས་ཁོངས་དོན་ཧིང་ གི་དབྱིབས་དང་འདྲའི་སྤོ་ཏོ་གུ་ལུ་བཞེངས་ཏེ་ཡོད་མི་ སྤངམ་ཨོ་རྒྱན་གུ་རུ་ལྷ་ཁང་དེ་ནང་ ཤུལ་མ་གྲུབ་ཆེན་བསྟན་འཛིན་བཟང་པོ་བྱོན་ཏེ་ གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་བཞུགས་པའི་སྐབས་ལུ་ ཧེ་མ་གི་ལྷ་ཁང་རྙིངམ་དེ་རྒྱ་བསྐྱེད་གནང་ ནང་རྟེན་ཨོ་རྒྱན་གུ་རུའི་སྐུ་འདྲ་བཞེངས་པའི་སྐབས་ལུ་ སྐུ་འདྲ་ལས་གསུང་བྱོན་ཏེ་ ཡ་མཚན་ཆེ་བའི་ལྟས་བཟངམོ་ལེ་ཤ་བྱུང་སྟེ་ དེ་ལས་ཚུར་དགོན་སྡེའི་མིང་ཡང་ཨོ་རྒྱན་གུ་རུ་ལྷ་ཁང་ཟེར་དར་ཁྱབ་སོང་པའི་ལོ་ རྒྱུས་འདུག།
གཏེར་བཏོན་ཤེས་རབ་མེ་འབར་གྱིས་ནུབ་མཚོ་ནག་པ་ཏྲ་ལས་གཏེར་ལས་བཞེས་མི་ནོརབུ་ བསམ་འཕེལ་གྱི་གཙོས་པའི་ནོར་བུའི་བྱེ་བྲག་དང་གཏེར་མ་མང་རབས་ཅིག་ སྤངམ་ཨོ་རྒྱན་གུ་རུ་གི་ལྷ་ཁང་ནང་ ནང་རྟེན་སྦེ་བཞུགས་ཏེ་ཡོད་རུང་ སྒེར་དབང་གི་ལྷ་ཁང་ཅིག་སྦེ་སྡོད་པའི་སྐབས་ལུ་ གཙང་སྦྲ་ཁྲུས་ལས་དང་སྐར་མེ་དང་ཡོན་ཆབ་ཚུ་དུས་ཚོད་ལུ་ རྣམ་དག་ཅིག་སྦེ་ཕུལ་མ་ཚུགས་པས། ཨིན་རུང་ང་བཅས་ར་སེམས་ཅན་གྱི་ཁ་བརྗེ་ལས་བརྟེན་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ མི་དབང་རྒྱལ་ཡུམ་ཨ་ཞེ་རྡོར་རྗེ་དབང་མོ་དབང་ཕྱུག་མཆོག་གིས་བཀའ་སློབ་དང་ བསྟུན་སློབ་གྲྭ་ཅིག་འགོ་བཙུགས་མི་འདི་གིས་ ད་རེས་ནངས་པ་སྤངམོ་ཨོ་རྒྱན་གུ་རུ་དགོན་སྡེ་འདི་ཆོས་སྡེ་ཅིག་ལུ་འགྱུར་ཏེ་ ཡོདཔ་ཨིན་མས།
སྤ་རོ་སྤང་པའི་ས་གི་རི་མགོ་ལུ་ཆགས་བཏབ་གནང་མི་ སྤངམོ་ཨོ་རྒྱན་གུ་རུ་གི་ལྷ་ཁང་དེ་ འགོ་དང་པ་ཨོ་རྒྱན་རིན་པོ་ཆེ་གིས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་གནངམ་མ་ཚད་ གཏེར་བཏོན་ཤེས་རབ་མེ་འབར་གྱིས་གདན་ས་ཆགས་བཏབ་སྟེ་ནུབ་མཚོ་ནག་པ་ཏྲ་ལས་གཏེར་ ལས་བཞེས་མི་ནང་རྟེན་བྱིན་རླབས་ཅན་ཚུ་ཡོདཔ་ད་ དེའི་ཤུལ་ལས་གྲུབ་ཆེན་བསྟན་འཛིན་བཟང་པོ་གིས་སྒྲུབ་པའི་སྡེ་དར་ཞིང་རྒྱས་ཏེ་ བཞུགསཔ་མ་ཚད་ འབྲུག་པ་བཀའ་བརྒྱུད་པའི་བླ་ཆེན་མང་རབས་ཅིག་བཞུགས་པའི་དགོན་སྡེ་ཁྱད་པར་ཅན་ ཅིག་ཨིན་རུང་ ས་ཐག་རིང་ནི་འདི་གིས་གནས་བསྐོརཔ་ལེ་ཤ་སྦེ་འོང་སྲོལ་མེད་རུང་ ད་རེས་སྣུམ་འཁོར་ལམ་བཏོན་ཞིན་ན་ལས་ ལྷ་ཁང་མཇལ་མི་རྒྱགས་ཚད་འོང་དོ་ཡོདཔ་ཨིན་མས།

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s