རིན་སྤུངས་རྫོང་།


11133680_10202627391446298_7117131693994483856_n

སྤ་རོ་ལུང་གཤོང་འདི་ ཆོས་ནོར་ཟབ་གཏེར་གྱིས་གང་བའི་སྦས་གནས་ཅིག་ཨིནམ་མ་ཚད། ཆོས་ལུགས་སོ་སོའི་བླ་ཆེན་མང་རབས་ཅིག་གིས་ ས་གནས་སོ་སོར་དགོན་སྡེ་ཕྱག་བཏབ་སྟེ་ ལྷ་ཁང་མང་རབས་ཅིག་བཞེངས་གནང་མི་འདི་གིས་ ནང་པའི་བསྟན་པ་དར་ཞིང་རྒྱས་ཏེ་ཡོདཔ་ཨིན། དཔལ་ལྡན་འབྲུག་དཀར་བརྒྱུད་པའི་ཆོས་ཀྱི་དུས་སྐལ་དང་ མི་མང་གི་ཁ་རྗེ་བསོད་ནམས་ལུ་བརྟེན་ བར་སྐབས་ཅིག་ལས་ སྤུངས་ཐང་ཁ་དང་ཐིམ་ཕུག་གི་ལུང་གཤོང་ནང་ དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ཞིནམ་ལས་ སྤྱི་ལོ་༡༦༤༦རབ་བྱུང་༡༡པའི་གནམ་ལོ་མེ་ཁྱི་ལོ་ལུ་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤ་རོ་ལུང་གཤོང་ནང་རྫོང་གཞིས་ཅིག་བཞེང་ནིའི་ཐུགས་བཞེད་གནང་སྟེ་ ས་གཞི་གཟིགས་པར་བྱོན་པའི་སྐབས་ལུ་ ཧཱུ་རལ་བྱག་འདི་སྤ་རོ་གཡུས་ཀྱི་ལྟེ་བ་ཕོགཔ་ལས་ ས་ཁོངས་དེ་ཁར་འོས་འབབ་ཡོདཔ་གཟིགས་ཏེ་བཞུགསཔ་ད། ཧཱུ་རལ་བླམ་འབྲུག་བསམ་གཏན་དང་ བླམ་བཀྲ་ཤིས། བླམ་འབྲུག་རྣམ་རྒྱལ་སྤུན་ཆ་ཚུ་གིས་ཕྱག་མཇལ་འབུལཝ་ལེ་ཚན་སྦེ་ཕུལ་ཏེ་ སྤ་རོ་ལུང་ཕྱོགས་འདི་ནང་ ས་ཁོངས་དྲག་ཤོས་ར་དེ་ནང་ཨིནམ་ལས་ རྫོང་བཞེང་དགོཔ་སྦེ་ཞུཝ་ད། ཞབས་དྲུང་རིན་པོ་ཆེ་གིས་ ཁྱེད་ཀྱིས་རེ་བ་བསྐྱེད་དོ་བཟུམ་སྦེ་ གོ་ཁྲབ་ཕུལ་བ་རྟེན་འབྲེལ་བཟང་། དུས་དེ་ལས་བཟུང་སྟེ་ ཧཱུ་རལ་བླ་མའི་མི་བརྒྱུད་ཚུ་ལུ་ ཁྱལ་འཐུས་འུར་ལཱ་རྒྱུག་མ་དགོ་པར་དགོངས་ཡངས་གནངམ་མ་ཚད། ས་གནས་ག་ཏེ་ལུ་འགྱོ་རུང་བརྩི་མཐོང་དང་གུས་བཀུར་སྐྱེད་དགོ་པའི་བཀའ་ཤོག་རྫོང་ ཁག་སོར་སོ་ལུ་གནང་ནུག། དེ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཧུ་རལ་བླ་མའི་གྱང་ཁྱིམ་ཐོག་ཚད་ལྔ་སྦེ་མི་འདི་བཤིག་ཞིན་ན་ རྫོང་གསར་བཞེངས་གནང་སྟེ་ བཀྲ་ཤིས་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་ འབྲུག་རིན་ཆེན་སྤུངས་རྫོང་ཟེར་མཚན་གསོལ་ནུག འ་ནི་བསྒང་ཚུན་ཚོད་སྟག་ཚང་གི་གནས་འདི་ བླམ་ཀ་ཐོག་པ་གིས་བདག་འཛིན་འཐབ་དོ་ཡོད་རུང་། དེ་བསྒང་ལས་ཞབས་དྲུང་རིན་པོ་ཆེ་གིས་བརྩིས་བཞེས་ཏེ་ རྟ་མགོ་ཆོས་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་མཆེད་སྦོམ་ཤོ་ གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་སྟག་ཚང་བླམ་དང་པ་བཀལ་ཏེ་ འབའ་རའི་གདན་ས་འབྲང་རྒྱས་དགོན་པ་དང་ སྟག་ཚང་གཉིས་ཆ་ར་བདག་འཛིན་འཐབ་དགོ་པའི་བཀའ་རྒྱ་གནང་ཞིནམ་ལས་ དཔལ་ལྡན་འབྲུག་པའི་བསྟན་པ་དར་ཞིང་རྒྱས་ནུག་ཟེར་ཞུ་ནི་ཨིན། སྤ་རོ་རྫོང་གི་མཚན་རིན་སྤུངས་རྫོང་ཟེར་ཞུ་སྲོལ་ཡོད་རུང་ ཡོངས་གྲགས་ལུ་སྤ་རོ་རྫོང་ཟེར་ཞུ་དོ་ཡོདཔ་ཨིན་པས།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

%d bloggers like this: