སྤུངས་ཐང་མགོན་ཁང་ཆེན་མོ།


སྤུངས་ཐང་བདེ་ཆེན་ཕོ་བྲང་གི་ འདུ་ཁང་ནང་གི་མགོན་ཁང་འདི་ སྔོན་མ་སྤྱི་ལོ་༡༦༤༣ གནམ་ལོ་ཆུ་ལུག་ཟླཝ་དང་པའི་ནང་ གཙང་མཁན་ཆེན་དཔལ་ལྡན་རྒྱ་མཚོ་གིས་གསོལཝ་བཏབ་སྟེ་ དཔལ་ལྡན་འབྲུག་པའི་གདན་ས་གཙོ་བོ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བདེ་མཆོག་སྒྲུབ་ཆེན་དང་ མགོན་པོའི་དབང་ཆོག་གནང་པའི་སྐབས་  མགོན་ཁང་ཅིག་གསརཔ་བཞེངས་ནིའི་ཐུགས་འཆར་ཡོད་རུང་ ལྷ་བཟོཝ་མེད་པའི་ལོ་རྒྱུས་གསུངསམ་ད། རྗེ་བཙུན་བྱམས་པ་མགོན་པོའི་རྣམ་སྤྲུལ་སྤྲུལ་སྐུ་རྫིང་ཟེར་མི་འདི་ སྤུངས་ཐང་ཁར་ ཞབས་དྲུང་རིན་པོ་ཆེའི་སྐུ་མདུན་ལུ་བཅར་ནུག ག་ཅིའི་ཐད་ལས་འབད་རུང་རྟེན་འབྲེལ་བཟང་སྟེ་ སྤུངས་ཐང་མགོན་ཁང་གི་ སྐུ་རྟེན་བཞེངས་ནིའི་ཕྱག་ལཱ་འགོ་བརྩམས་ད། གཙང་མཁན་ཆེན་གྱིས་ ཡེ་ཤེས་མགོན་པོའི་ཕྱག་མཚན་སྦེ་ མི་དང་རྟ་བཅུ་གསུམ་ དུས་གཅིག་ལུ་བསད་བསད་པའི་ རལ་གྲི་གསེར་ཚགས་ཀྱི་ལུང་ཅནམ་ཅིག་ཕུལ་མི་ལུ་ དྲག་པོའི་འཕྲིན་ལས་ཐོག་མེད་ལུ་སྒྲུབ་པའི་རྟེན་འབྲེལ་བཟང་པོར་དགོངས་ཏེ་ ཞབས་དྲུང་རིན་པོ་ཆེ་ཐུགས་མཉེས་ནུག།

དེ་ལས་མགོན་པོའི་སྲོག་འཁོར་ནང་དགོ་པའི་ གྲི་སྙིང་གི་བཅའ་གཞི་གནང་སྟེ་ མགོན་པོའི་གསུང་ཆོག་གནང་པའི་སྐབས་ ཞབས་དྲུང་རིན་པོ་ཆེ་གིས་ ཡུན་རིང་གི་བར་ན་ ཕྱག་རོལ་ཤུགས་སྦེ་བརྡུངམ་ད་ ཕྱག་ཞུ་མི་ཅིག་གིས་ ཞབས་དྲུང་རིན་པོ་ཆེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་དགོངམ་ཁྲེལཝ་ཨིན་ན་ཟེར་ཞུཝ་ད། ཞབས་དྲུང་རིན་པོ་ཆེའི་ཞལ་ལས་ ལས་མགོན་བྱ་རོག་གདོང་ཅན་གྱིས་ མི་ཅིག་འཁྱིད་འོང་མི་དེ་ འཆམ་སྟབས་དང་སྦྲགས་ཏེ་བསྒྲལ་ད་ཡི་ཟེར་གསུངས་དོ་བཟུམ་སྦེ་ དེའི་ནངས་པ་དྲོ་པ་ མགོན་ཁང་གི་ཁ་ཐུག་ལུ་ རི་བོ་དགེ་ལྡན་པའི་དམག་དཔོན་གཅིག་བསད་པའི་ གྱི། དོན་ཧིང་། གཏམ་སྙན་དང་བཅསཔ་སྦེ་ཕུལ་བར་ལྷོད་ནུག།

དེ་ལས་འབདན་རྟེན་རྫས་མཁོ་སྒྲུབ་འབད་མ་ཚུགས་མི་ཚུ་ག་ར་ བྱ་རོག་གདོང་ཅན་ལུ་བཅོལ་ཏེ་ རྟེན་རྫས་བསྒྲུབས་གནངམ་ལས་ དཔལ་ཡེ་ཤེས་མགོན་པོ་ཐུགས་གསུང་སྐུའི་ལྷ་ཚོགས་ སྣང་སྲིད་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རང་བྱུང་དྲག་པོའི་ཕོ་བྲང་ སྔོན་མ་རྒྱ་བོད་ག་ཏེ་ཡང་མཇལ་ནི་མེད་མི་འདི་ གདན་ས་སྤུངས་ཐང་ཁར་བཞུགས་ཡོདཔ་ལས་ ག་ཅི་དེ་བཀའ་གཉན་དྲགས་ཡོདཔ་ཨིན་མས།།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

%d bloggers like this: