རྗེ་བཙུན་དགེ་འདུན་རིན་ཆེན་གྱི་གསོལ་འདེབས།


༅༅། །མདོ་སྔགས་མང་ཐོས་ལུང་གི་སྤྲིན་འཁྲིགས་ཤིང་། །མངོན་རྟོགས་བསླབ་གསུམ་ལུས་ཀྱི་རྩལ་རྫོགས་ནས། །ཟབ་རྒྱས་མཁའ་ལ་ཆོས་ཀྱི་སྒྲ་སྒྲོག་པ། །དགེ་འདུན་རིན་ཆེན་ཞབས་ལ་གསོལ་བ་འདེབས། །སེམས་ཀྱི་རང་བཞིན་འགྱུར་མེད་བདེ་ཆེན་དང་། །རྩལ་གདངས་སྣ་ཚོགས་སྐྱེ་འགགས་གནས་བྲལ་ཆ། །ཀུན་ཀྱང་ཟུང་འཇུག་ཀློང་ཡངས་ཆེར་རྫོགས་པའི། །མཚུངས་མེད་རིགས་ཀྱི་བདག་པོར་གསོལ་བ་འདེབས། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །མགོན་ཁྱོད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཅིང་། །རྒྱ་ཆེར་རྒྱུན་མི་འཆད་པའི་ཕྲིན་ལས་ཀྱིས། །བསྟན་ལ་སྨན་ཞིང་འགྲོ་དོན་མཐར་ཕྱིན་ཤོག །

%d bloggers like this: