རྒྱལ་སྲས་འཇིགས་མེད་བསྟན་འཛིན་དབང་པོའི་ཞབས་བརྟན།


༄༅། །ཨོཾ་སྭསྟི། སྲིད་ཞིའི་འཇིགས་བྲལ་ཀུན་བཟང་ཡུམ་གྱི་ཀློང༌། །འཕོ་མེད་ཡེ་ཤེས་སྐུ་མཆོག་པདྨ་འབྱུང༌། །གསང་གསུམ་མི་ཟད་རྒྱན་གྱི་སྒྱུ་འཕྲུལ་གར། །བསྟན་འཛིན་བྱེ་བའི་དབང་པོ་ཞབས་བརྟན་གསོལ། །ལྗོངས་འདིར་ལུགས་གཉིས་འཁོར་ལོས་བསྒྱུར་བའི་བདག །སྤྱན་རས་གཟིགས་དབང་དཔལ་ལྡན་འབྲུག་པ་ཡི། །ཆོས་ཀྱི་གདུང་ཚོབས་དམ་པ་འགྲོ་བའི་མགོན། །མི་ཤིགས་རྡོ་རྗེ་ཁྲི་ལ་ཞབས་བརྟན་གསོལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་མཐུ་རྗེ་དང༌། །བདག་ཅག་ལྷག་བསམ་སྨོན་པའི་བདེན་མཐུ་ཡིས། །མགོན་ཁྱོད་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང༌། །ས་གསུམ་ཕན་བདེའི་སྣང་བས་ཁྱབ་གྱུར་ཅིག །ཅེས་པ་འདིའང་འཇིགས་གྲགས་པས་སྨོན་པ་དགེའོ།།

%d bloggers like this: