འབྲུག་ལུགས་སློབ་སྟོན་ཐབས་ཤེས།


སློབ་གྲྭ་ཁག་ལུ་ རྫོང་ཁའི་ཡིག་སྡེབ་དང་འབྲི་ཐངས་ཀྱི་ལམ་ལུགས། ལྷག་ཐངས་དང་རྫོད་སྒྲ་ག་ཨིན་མི་འདི་ འཛོལ་བ་མེད་པར་སློབ་སྟོན་གནང་དགོཔ་ཁག་ཆེ་བས། ད་རིས་ནངས་པ་ ན་གཞོན་ཚུ་གིས་རྗོད་སྒྲ་མ་དགཔ་དང་ ཡིག་སྡེབ་འཛོལ་བ་ ཚིག་སྦྱོར་གྱི་ཐོབ་ལམ་ཚུ་ བརྡ་སྤྲོད་ཀྱི་གཞུང་དང་མ་མཐུནམ་སྦེ་འབྲི་སྲོལ་དར་ཁྱབ་སོང་མི་འདི་ གཙོ་བོ་ར་ ཆོས་ཚན་རྩ་ཁྲིམས་གར་སུ་འཚམས་ཅིག་ཡོད་ནི་འདི་གིས་མེན་ན་ཟེར་མནོཝ་མས། ག་འཆརཔ་ཟེར་བ་ཅིན་ དེ་བསྒང་འབདན་ དང་པ་ར་ཀ་ཀུ་སྟོན། དེ་ལས་སྦྱོར་ཀློག་དང་ ཚིག་སྡུད་རྐྱབ་སྟེ་ལས་བརྒལ་ཏེ་ མིང་ཚིག་སྟོན་པའི་སྲོལ་མིན་ནུག ཨིན་རུང་བར་སྐབས་ཅིག་ལས་ དེ་ཚུ་རྩ་ལས་ར་སྟོན་ནི་མེད་པར་ ཕྲངམ་ཕྲང་ས་ར་ཚིག་སྦྱོར་སྟོན་མི་འདི་གིས་ ཨ་ལོ་ཚུ་མགོ་འཐོམས་ཏེ་ ཤེས་ཡོན་ཐོབ་ནི་ར་འདི་དགོད་བྲ་ཨིན་པས། ག་དེ་སྦེ་ཤེསཔ་སྨོ་ཟེར་བ་ཅིན་ སློབ་དེབ་ནང་ལུ་ དཔར་གི་འོག་ལུ་བཤད་པ་རྐྱབ་སྟེ་ཡོད་མི་འདི་ ལྷག་བཅུགཔ་ད་ སྤུས་ཙ་སྦེ་ལྷག་ཚུགས་རུང་ ཤོག་ཀུ་གཞན་ཅིག་ནང་ལུ་ དཔར་མེད་པར་ཡིགུ་རྐྱངམ་ཅིག་བྲིས་ཏེ་ལྷག་བཅུག་པའི་བསྒང་ལས་ ཡིག་ངོ་ར་མ་ཤེས་མི་ཡང་འདུག དེ་ལས་བརྟེན་ དེ་བསྒང་གི་ལུགས་སྲོལ་བཟུམ་སྦེ་ དང་པ་གསལ་བཤད་༣༠བློ་ལས་སྐྱོར་ཚུགསཔ་དང་ཡིག་ངོ་ཤེསཔ་ སྦྱོར་ཀློག་དང་ཚིག་སྡུད་ཐ་རར་རྐྱབ་ཚུགསཔ་བཟོ་བ་ཅིན་ རྫོང་ཁའི་ཤེས་ཡོན་གྱི་གཞི་འགྱམ་ཨོ་ཏོག་ཏོ་འགྱོ་འོང་ཟེར་མནོཝ་མས།

སློབ་གྲྭ་ཁག་ལུ་ ཆོས་ཚན་མང་ཤོས་ར་ཨིང་སྐད་ནང་འབད་ནི་འདི་གིས་ སློབ་ཕྲུག་ཚུ་གིས་དུས་ཚོད་མང་ཤོས་ཨིང་སྐད་ཆོས་ཚན་ཚུ་ལྷབ་དགོ་པའི་བསྒང་ལས་ ལས་ཀྱིས་ར་ཨིང་སྐད་ཤེས་ཡོན་རྒྱ་ཆུང་སུ་དང་ རྫོང་ཁའི་ཤེས་ཡོན་གཞི་འགྱམ་ལེགས་ཤོམ་མེད་ནི་འདི་གིས་ རྫོང་ཁ་ལུ་དང་འདོད་མ་བསྐྱེདཔ་དང་ རྫོང་ཁའི་ཐོག་ལས་ལཱ་འབད་ནི་ལུ་དཀའ་ངལ་བྱུངམ་ཨིན་པས། དེ་འབད་ནི་འདི་གིས་ ཆོས་ཚན་རྩ་ཁྲིམས་ནང་ རྒྱལ་ཡོངས་སྐད་ཡིག་ཐོག་ལུ་སྟོན་བཏུབ་པའི་ཆོས་ཚན་ཁ་བསྒྱུར་འབད་ནི་དང་ སེམས་རྒྱུད་ལེགས་བཅོས་ཀྱི་ཆོས་ཚན་རེ་ཡང་ཐེབས་བཙུག་ཚུགས་པ་ཅིན་ཕན་ཐོགས་ཆེ་ནི་ཨིན་པས།

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s