མིང་ཚབ་ལག་ལེན་འཐབ་དོ་ཡོདཔ།


༡ འབྲུག་རྒྱལ་ཁབ་ནང་ དང༌ཕུ༌དང་ཕྱདཔ་ད་ ད་རིས་ནངས་པ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་ཐོག་ལས་ བརྡ་དོན་སྤྲོད་ལེན་འབད་མི་ཡར་འཕར་སོང་ཡོད་རུང་། ཁ་སྐད་རྫོང་ཁ་ཉག་རྐྱང་སླབ་མི་ལས་ སླ་བསྲེས་རྐྱབ་མི་མང་པའི་ཁར་ མིང་ཚིག་ལ་ལུ་ཅིག་ལག་ལེན་འཐབ་སྲོལ་ཆེནམོ་ཅིག་མེད་པར་ ཕོག༌ལམ༌མེད་པའི་མིང་ཚབ་བཙུགས་ཏེ་སླབ་མི་ཡང་འདུག
ད་རིས་ནངས་པ་ རང་མཉམ་ཆ་རོགས་ཚུ་ གཅིག་ཁར་ཕྱད་པའི་སྐབས་ ག་དེ་སྦེ་ཡོད་གོ་ཟེར་དྲིཝ་ད། ཕར་ལོགམ་གིས་ ལེགས་ཤོམ་སྦེ་ར་ཡོད་ཟེར་མིའི་ཐད་ གོ་དོན་འཕྲོད་ཚུགས་རུང་ འོས་འབབ་དང་ལྡན་པའི་མིང་ཚིག་ གཟུགས་བཟངམོ། བདེ་ཏོག་ཏོ། ནཝ་ཚཝ། སྐྱིད་ཏོང་ཏོ་ཡོད་ཟེར་མི་ཚུ་གི་ཚབ་ ལེགས་ཤོམ་འདི་ར་གཙོ་བོར་བཏོན་དོ་ཡོདཔ་ལས་ སྐབས་ཐོབ་དང་བསྟུན་ཏེ་ མིང་ཚིག་ག་ཕོག་མི་དེ་ར་ལག་ལེན་འཐབ་པ་ཅིན་དྲག་ནི་ཨིན་པའི་ཁར་ ཆེནམོ༌ཅིག༌སླབ༌སྲོལ༌མེད༌མི་དང་ ཡོངས་གྲགས་འགྱོ༌མ༌ཚུགས༌པའི༌མིང་ཚིག་ཚུ་ དར་ཁྱབ་གཏང་ཚུགས་ནི་ཨིན་པས།
༢ ང་ལུ་དཀའ་ངལ་འ་ནེ་བཟུམ་ཅིག་བྱུང་འོང་ཟེར་ ཧེ་མ་སེམས་ཁར་ར་མ་སྡོད་ཟེར་མི་འདི་ ཕོག་ལམ་དང་འཁྲིལ་བ་ཅིན་ སེམས་ཁར་མ་མནོ། ཡང་ཅིན་ རེ་བ་ར་མ་བསྐྱེད་ཟེར་འབྲི་དགོཔ་མེན་ན་ཟེར་མནོཝ་མས།

 

 

One thought on “མིང་ཚབ་ལག་ལེན་འཐབ་དོ་ཡོདཔ།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s