རྫོང་ཁ་འབྲི་ལྷག་གོང་འཕེལ་གྱི་ཐབས་ཤེས།


ད་ལྟོའི་རྒྱལ་ཡོངས་སྐད་ཡིག་གི་གནས་སྟངས།

སྤྱིར་བཏང་འབྲུག་རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེདཔ་ལུ་ ཧེ་མ་དང་ཕྱདཔ་ད་ རྫོང་ཁ་སླབ་ནི་ཡར་རྒྱས་སོང་སྟེ་ཡོད་རུང་ སྒྲ་དག་སྤུས་དག་ངལ་རངས་སི་སི་སྦེ་རྫོང་ཁ་སླབ་མི་བ་འདི་ མིང་ཚིག་རྐང་བཅག་ལག་བཅག་ ག་ཚུད་གུ་ཚུད་སྦེ་སླབ་མི་དང་། སྐད་ཡིག་སླ་བསྲེས་རྐྱབ་མི་མང་ནི་འདི་གིས་ རྫོང་ཁ་ལུ་དང་འདོད་བསྐྱེད་མི་ལུ་གནོད་ཉེན་སྦོམ་འདུག ད་ལྟོའི་གནས་ཚད་ལུ་ སློབ་གྲྭ་ཁག་དང་ཡིག་ཚང་ཁག་ལུ་ ཕྱག་ལཱ་གནང་དགོ་པའི་རིགས་ཚུ་ ཨིང་སྐད་ལུ་ཤུགས་བཏོན་མི་འདི་གིས་ཡང་ རྫོང་ཁ་དར་ཁྱབ་ལུ་གནོད་པ་ཡོདཔ་མིག་མཐོང་ལག་ཟུན་ཨིན་རུང་ ཐབས་ལམ་གཞི་ཡིག་ཐོག་ལུ་བཀོདཔ་ཙམ་ཅིག་མ་གཏོགས་ དངོས་སུ་ལག་ལེན་མ་འཐབ་མི་ཚུ་ གཞུང་གི་ཐུགས་ཚ་གྱང་མ་བཞེས་མི་ལུ་ རྒྱལ་ཁབ་ལུ་ཤ་ཞེན་ཅན་ཚུ་སེམས་ཕམ་པའི་གཞི་ཅིག་ཨིན་པས།

རྫོང་ཁ་ལུ་དང་འདོད་ག་ཅི་སྦེ་མ་བསྐྱེད་ཨིན་ན།

སློབ་གྲྭ་ཁག་ལུ་ཆོས་ཚན་མང་ཤོས་ཨིང་སྐད་ཐོག་ལུ་ལྷབ་མི་དང་། ཧེ་མ་སྐུ་ཡོན་སྦྱངས་མི་ཚུ་ལུ་ རྫོང་ཁའི་གཞི་འགྱམ་སྒྲིང་སྒྲི་མེད་པའི་སྐྱོན་ལུ་བརྟེན་ཏེ་ ད་ལྟོའི་སྐབས་ལུ་ རྫོང་ཁ་དར་ཁྱབ་གཏང་དགོ་པའི་ཐུགས་བཞེད་གནང་མ་ཚུགསཔ་ལས་ ག་དེམ་ཅིག་ར་ལོ་རྒྱུས་འཐོན་རུང་ འཆར་གཞི་མ་བརྩམ་པར་ལུས་ནི་འདི་གིས་ ད་ལྟོའི་སྐབས་ལུ་ རྫོང་ཁ་དར་ཁྱབ་འགྱོ་མ་ཚུགས་པའི་གནད་དོན་དེ་ཨིན་པས།

མ་འོངས་པར་རྫོང་ཁ་དར་ཁྱབ་ཀྱི་ཐབས་ལམ།

མ་འོངས་པ་ལུ་ སློབ་གྲྭའི་གནས་ཚད་ལས་ར་ རྫོང་ཁ་འབྲི་ལྷག་གི་གཞི་རྟེན་སྒྲིང་སྒྲིང་བཟོ་དགོ་པ་ཅིན་ སློབ་གྲྭ་ཁག་ལུ་ རྫོང་ཁའི་ཆོས་ཚན་གང་མང་མ་བཙུགས་ཏེ་ ཨིང་སྐད་ཆོས་ཚན་དང་འདྲ་མཉམ་རང་སྦྱོང་འབད་ཚུགསཔ་བཟོ་ནི། གཞུང་འབྲེལ་གྱི་ ཡིག་རིགས་ཚུ་ ཨིན་ཅི་མིན་ཅི་ རྫོང་ཁ་ནང་འབྲི་དགོཔ། རྫོང་ཁའི་ཤེས་ཡོན་ཡོད་མི་ཚུ་ལུ་ ངོས་འཛིན་འབད་དེ་ སྤྱིར་བཏང་ཤེས་ཡོན་སྦྱང་མི་དང་ཅོག་འཐད་པའི་བརྩི་མཐོང་དག་སྣང་ཐེབས་བསྐྱེད་དགོཔ་མ་ཚད། རྫོང་ཁའི་ཤེས་ཡོན་ཅན་ཚུ་ལུ་གཡོག་གི་གོ་སྐབས་དཀའ་ངལ་མེདཔ་བཟོ་དགོཔ་འདུག

རྫོང་ཁ་དར་ཁྱབ་གཏང་མ་ཚུགས་པ་སྐྱོན་ག་ཅི་ཡོད།

རྫོང་ཁ་འདི་ རྒྱལ་ཡོངས་སྐད་ཡིག་རྐྱངམ་གཅིག་མིན་པར་ འབྲུག་གི་ངོ་རྟགས་གལ་གནད་ཅན་ཅིག་ཨིན་རུང་། ག་དེམ་ཅིག་སྦེ་ གཞུང་དང་ སྲིད་འབྲེལ་གྱི་ རྒྱབ་སྐྱོར་མེད་པ་ཅིན་ ང་བཅས་རའི་ ངོ་རྟགས་བཟང་པོ་དེ་ འགྲོས་ཀྱིས་སྦེ་མར་ཉམས་ཏེ་ ཕྱི་སྐད་ཨིང་ལིཤ་གིས་ དབང་མནན་འབད་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ རང་བཙན་ལུ་ཐོ་ཕོག་ནིའི་ཉེན་ཁ་ཡོདཔ་ཨིན། དེ་མ་ཚད་ ལས་རྒྱུ་འབྲས་དང་ལེགས་ཉེས་ཀྱི་དབྱེ་ཕྱེ་མ་ཤེས་པར་ རང་འདོད་ཅན་གྱི་དབང་ལུ་ཐལ་ཏེ་ ཞི་བདེའི་ངང་ལུ་གནས་ཚུགས་པར་དགོད་བྲ་འཚམས་ཅིག་འོང་ཟེར་མནོཝ་མས།

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s