འབྲི་ཐངས་ལེགས་བཅོས།


ལུགས་བཟང་དགྲའི་ཡིན་ཀྱང་བླང། །ལུགས་ངན་ཕ་མའི་ཡིན་ཀྱང་སྤང་། །ཟེར་དོ་བཟུམ་སྦེ་ རྒྱལ་སྤྱིའི་ཡིགུ་འབྲི་ཐངས་འོས་འབབ་ལྡན་མི་ཚུ་ དཔྱེ་བལྟ་སྟེ་འབྲི་མི་ལུ་གནོད་པ་ཆེནམོ་ཅིག་མེད་རུང་ ང་བཅས་ར་འབྲུག་པའི་ཡིགུ་འབྲི་ཐངས་དང་ ཚིག་བཙུགས་ཐངས་གཞན་དང་མ་འདྲཝ་སྦེ་ཡོད་མི་ཚུ་ཉམས་མ་བཅུག་པར་བདག་འཛིན་འཐབ་དགོཔ་ཁག་ཆེ་བས། ཨིན་རུང་ད་རིས་ནངས་པ་ ལ་ལུ་གིས་ དབང་ཕྱུག་རུ་སྦྱིས། རྡོ་རྗེ་སྤུ་ནཔ། དཔལ་འབྱོར་དགའ་སེངཔ་།ཟེར་བའི་འབྲི་ཐངས་འདི་བཞག་སྟེ་ རུ་སྦྱིསཔ་དབང་ཕྱུག སྤུ་ནཔ་རྡོ་རྗེ། དགའ་སེངཔ་དཔལ་འབྱོར་ཟེར་འབྲི་བ་ཅིན་ རང་ལུགས་འབྲུག་པའི་ཁྱད་ཆོས་ག་ཨིནམ་སྦེ་གནས་ཚུགས་ནི་ཨིན་པས།

རྩོམ་སྒྲིགཔ་ཚུ་གིས་ ག་ཅི་ར་འབྲི་རུང་ དེ་བསྒང་གི་ལུགས་སྲོལ་སྦེ་ཡིགུ་སྦྱེལ་ཏེ་འབྲི་ནི་འདི་གིས་ ལྷག་མི་ཚུ་གིས་གོ་བ་བརྡ་ལོག་འབྱུང་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་ བར་ན་ཚིག་གི་བཅད་མཚམས་ས་སྟོང་བཞག་སྟེ་འབྲི་མི་འདི་གིས་ སྔར་སྲོལ་ལུ་ཐོག་མི་ཕོགཔ་འོང་ཟེར་མནོཝ་མས།

མཁས་མཆོག་ཆ་ཁྱབ་ཀྱིས་ རང་སོའི་ཁུངས་རེ་བཀལ་ཏེ་ ཡིག་སྡེབ་སོ་སོར་མ་འབྲི་བར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཐག་བཅད་བཟོ་བའི་ཚིག་མཛོད་དང་མཐུནམ་སྦེ་འབྲི་བ་ཅིན་ ལས་ཀྱིས་ར་རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་སྦེ་དར་ཁྱབ་གཏང་ནི་ལུ་དཀའ་ངལ་མི་འབྱུངམ་འོང་ཟེར་ཞུ་ནི་ཨིན།།

 

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s