སླབ་སྲོལ་འགྱུར་བ།


 

ད་ལྟོའི་སླབ་སྲོལ། ངག་གཤིས།   
ཀ་སྡེ།  
ཀི་ཏི་ལི། ཇམ་སྦྱིས།
ཀ་ཅ་ར། འབྲེལ་ཧིང་ཚ་དྲགས།
རྐངམ་གིས་བརྡུང་། རྡོག་ཐེ་གིས་བརྡུང་།
རྐོངམ། རྐངམ།
དཀྱི་ར་གྱོན། དཀྱི་ར་དཀྱིས།
དཀར་བསྡུཝ་དང་དགོ་པའི་ཅ་ཆས། ཀོ ཤེད་དཀྱོགས། ཀོབ་སྦྱིས། ཀོ་ཀྲ།
དཀའ་ངལ། སྐྱིད་སྡུག་སྦོམ་བྱུང་ཡོདན་མ་ཤེས། དེ་མིན་ཡོད་ཚད་གཅིག་ལུ་དཀའ་ངལ་ཟེར་མ་སྦྱར་བ་ གནད་དོན་ཆེ་ཆུང་དང་འཁྲིལ་ཏེ་ རེ་ཚེ་སྐབས་སྟབས་མ་བདེཝ་ཡང་ལག་ལེན་འཐབ་དགོཔ་འདུག
སྐྱོན་སྦ་བཞགཔ་མས། སྐྱོན་གསང་བཞགཔ་མས།
བཀྲ་ཤིས་སྒང་རྫོང་འོག སྡེཔ་རྒྱ་བོའི་ཕྱག་གཡོག་ཅིག་གིས་ ནུབ་ཕྱོགས་ལས་ཤར་ཕྱོགས་ལུ་སོང་ཞིན་ན་ ག་གིས་མངའ་འོག་ལུ་ཡང་མིན་པ་ང་རང་གིས་ར་གཞུང་སྐྱོང་ནི་ཨིན་ཟེར་ལོ་རྒྱུས་བྱུངམ་ལས་རང་གཞུང་ཟེར་མིང་དར་ཡོད་རུང་ ད་རིས་ནངས་པ་རང་འབྱུང་ཟེར་དར་ཁྱབ་སོང་ནུག
ཀྲོང་གསར་དང་བུམ་ཐང་་བར་ནའི་གཞུང་ལམ་བདའ་གི་ས་གནས་ཀྱི་མིང་། རྡོ་རྗེ་དགོན་པ། ཡོད་སྟོང་ལ། དགེ་རྩ།༼ཆུ་མིག༽གཏེར་སྟོན་མྱང་ཉི་མ་འོདཟེར་གྱིས་བོད་ལས་ཕྱག་མདའ་གནང་མི་འདི་འབལཝ་ད་ ས་ཁོངས་ནང་ལས་ཆུ་མིག་ཅིག་ཐོནམ་ལས་ ས་གནས་ཀྱི་མིང་ཆུ་མིག་ཟེར་དར་རུང་ ད་རེས་ནངས་པ་ཆུ་སྨད་ཆུ་མེད་ཟེར་འབྲི་སྲོལ་འདུག ནང་གར། ཀེ་ཀེ་ལ། ཆུ་སྨད་ཆུ་ལུ་ཉ་མི་འདུག ལ་ཀེ་ཀེ་ལ་ལུ་ཤ་མི་འདུག།འབོད་བསོད་ནམས་དོན་གྲུབ་གོ་མི་འདུག། ལྕམ་མཁར།
ཁ་སྡེ།  
ཁ་ཤ་སིན་ཐག་གི་དབྱེ་བ། ཧག་ཏི་ནམ་པར།༼གླངམོ་ཆེའི་པར་ཡོད་མི།༽ རྨ་བྱ་ནམ་པར། ལུག་ནམ་པར།
ཁང་མིག འོག་ཐོག བར་ཁེ། ཐོག་ཁ། ཨོག་ཁང་། རྒྱ་ཕུག བར་ཀ ཀ་སྦུག ཐབ་ཚང་། གསང་སྤྱོ། ཕུང་། མཆོད་བཤམ། གཡབ་ཅུང་། གཡོས་ཆུང་། རྣམ་དག་སྒོ་གསུམ། བཙན་ཀ ས་སྤགས། དཔྱི་ཝང་། བྱ་གདང་། སྟག་གཟིག དུར་ཁུང་། སྟེང་སྒོ། ཨེ་ཁུག ཤ་ཀྲག
ཁྱིམ་གྱི་ཤིང་ཆས་ཀྱི་དབྱེ་བ། པ་ཡིབ། རྒྱལ་ཁང་། འོག་གི་སྤྱི་གདན། གློ་ཤུབས། འཛིན། ཀ་ཅུང་། ལྟག་གི་བཟང་ཤིང་།སྒོ། སྒོན་ཐེ། ཡ་ཐེམ། སྒོ་ཤིང་། སྒོ་འདབ།ཀཝ། ཀ་གདན། གཞུ། ཞུདཔ། ལྕམ། གྱང་བརྡུང་། པངྨ་། ཆོས་བརྩེགས། རྩེ་ཀྱུ་ཁ་ཉིསམ། སྦུག་གདན། འཕྲང་སྐྱོར། ཟུར་སྦུག རབ་གསལ། ཀ་ཅུང་།འཛིན། ཚེ་རྒྱན། ནོར་བུའི་ཧོར་བཞུགས། བ་གམ། བོག ངང་པའམ་ཕུ་ཀྲེ་ལྦཝ།་བཀག བོག་ཁེབས། གནམ་པང་། ས་ཐང་། ཤ་རི། ཤ་ཐུང་། ལྡིང་རི། རླུང་ཟེ། རྩིམ། གདང་ཅུང་། ཉིན་ཁེབས། བཅིང་ཐག ཤིང་ལེབ། སྐེ་རགས། ལྕགས་རྡོ།
ཁྱིམ་ཚང་གདངས་ར། གདངས་རའི་ཁྱིམ་ཚང་།
ཁྲི་འཛིན། ཚོགས་གཙོ། འགོ་འཁྲིདཔ། ཝི་ཅེཊ་ཀྱི་སྡེ་ཚན་བཟོ་མི་ལུ་ མནོ་ཚད་དྲན་ཚེ་མིན་པར་ གཅིག་མཚུངས་སྦེ་འགོ་འཁྲིདཔ་ཟེར་བཞག་པ་ཅིན་དྲག་ནི་མས།
ཁྲོམ་ཁ། ཧེད་ཁང་།
ཁྱོན་གྱིས་སླབ་དེས། ཁྱེད་ཀྱིས་སླབ་དེས།
ཁབ་བཙུག ཁབ་རྐྱབ།
ཁོ་འཁྱིད་འབག་འོང་ཡི། ཁོ་འཁྱིད་འོང་ཡི།
མཁས་དབང་། ཝི་ཅེཊ་སྡེ་ཚན་ནང་ཡོད་མི་ཚུ་ལུ་ མནོ་ཚད་དྲན་ཚད་མིན་པ་མཁས་པ་ཟེར་ཐད་ཏོག་ཏོ་འདུག
ཁྱེད་ཚུ། ཁྱེད་ཆ་ཁྱབ།
ཁྱིམ་བརྡལ་བཤིག་བཏང་ནུག ཁྱིམ་བརྡལ་བཏང་ནུག ཁྱིམ་བཤིགཔ་བཏང་ནུག
ཁྱིམ་ཧྲམ་སོང་ནུག ཁྱིམ་རམ་སོང་ནུག
ཁོང་རང་འདི་ཚུ། ཁོང་ཆ་ཁྱབ།
ག་སྡེ།  
ག་བཟུམ་ཅིག སེམས་ལྡན་ལུ་མ་གཏོགས་ ཅ་ཆས་ཀྱི་རིགས་ལུ་ཨིན་པ་ཅིན་ ག་ཅི་བཟུམ་ཅིག
གམ་ཅིག ག་དེམ་ཅིག
གོ་ལའི་དབྱེ་བ།     ཤ་རྗེན་ ༼ཕོ་གོ།༽ གོ། ཤ་རྗེན་སྟོད་གོ། ལག་རྒྱན། སྐེ་རག བཀབ་ནེ། རྐང་དོརམ། བཅིང་དོམ། ཨོམ་སྲོ། ལྷྭམ།

༼མོ་གོ།༽དཀྱི་ར། སྟོད་གོ། འོན་འཇུར། སྐེ་རག རག་ཅུང་། སྨད་གཡོག མགུ་བཙུགམ།

༼གོ་ཚད།༽ ཁ་ཤ་ཁ་དགུ་གི་གོ་ཚད་གཅིག གོ་ཚད་གཅིག་གི་སྟོད་གོ་གསུམ་གྱི་རྩིས།

གྱངས་ཁ་རྩིས་སྲོལ་མ་འདྲཝ། ༣༠ལུ་ཁལ་ཕྱེད་དང་གཉིས། ༣༥ལུ་ཁལ་ཀོ་དག་གཉིས། ༦༠ལུ་ཁལ་གསུམ། ༧༣ལུ་ཁལ་གསུམ་བཅུ་གསུམ།
གྱལ་ཁ། སྡེ་ཚན་གྱི་གྲས་ཁ། གྲངས་སུ།
གྱལ་ཁའི་མཆོད་ཆས་ཀྱི་རིགས།  
གྱི་ཅུང་། དཔྱེ་ཐེམ། སྒྲོ་གཟུགསམ། དྲ་གྱི། ཚོད་གྱི། རླུང་གྲི། རྩ་གྱི། སྐྱ་གྱི། ཙེབ་ཙ།
གྲོས་འཛོམས། འཛོམས་འདུ།
གྲོས་བསྟུན། བསྟུན་གྲོས།
འགོ་ཐོག་དང་པ་། འགོ་དང་པ།
གོང་ལུ་ ལྟག་ལུ།
གཱན་ཌཱ་ ཆུ་ཚོད།
གོ་ལ་རྙིངམ། གོ་ལ་རྒསཔ།
གཱ་རི་བདའ་འབག་ཤོག སྣུམ་འཁོར་བདའ་ཤོག
གོང་རྐྱལ། གང་རྐྱལ།
         དགེ་སློང་གི་ན་བཟའི་དབྱེ་བ།

 

སྟོད་ཙི། བཤ སྟོད་ཙི། སྐུ་བཅིང་། ཕོ་བཅིང་། ཤམ་ཐབ། རས་གཟན། སྨད་གཡོག ཐེར་གཟན། ཚོགས་རས། ཤ་ཕྱུག་དཀརཔོ།
གློ་བུར། དེ་འཕྲོས་ལས། ཧང་ཏོམ་མ།
གླངམ་ཆེ་མཆེཝ་གིས་བཟོ་ཡི་ཕོརཔ། བ་སོ་ཕོརཔ།
རྒྱབ་སྐྱོར། གནད་དོན་ཅིག་གུ་ཁུངས་བཀལཝ་ད་ གཞན་ཅིག་གིས་སླབ་མི་ལུ་རྒྱབ་སྣོན།  གཞན་ལུ་རྒྱུ་སྦུངས་ཀྱི་གྲོགས་རམ་འབད་བ་ཅིན་རྒྱབ་སྐྱོར།
རྒྱན་ཆས་ཀྱི་རིགས། དོབ་ཅུང་། ཐིང་ཁ། ཐིང་ཁའི་རྒྱབ་ཐག ཀོ་མ། ཀོ་མའི་རྒྱབ་ཐག མཛུབ་དཀྱི། སིན་ཅུང་། དམར་ཤེལ།  སྐྱཔ་སྐེ་སྐོར་ཀྱི་ནང་གསེས།༽ ༡གཟི། ༢གཡུ། ༣བྱུ་རུ། ༤མུ་ཏིག ༥སྤོས་ཤེལ། གསེར་ལྗང་བརྡུང་གི་རྡོ་རྗེ། སྤོས་སྐྱ། ལྕགས་དཀར།ཀྲིང་མི།
གལ་སྲིད་ག་དེམ་ཅིག་སྦེ ག་དེམ་ཅིག་སྦེ།
གྱི་གསོབ་བྱིན་ད་ནུག གྱི་གསོབ་ནུག
གླ་ཡོན། ཧ་ལ། གླ་ཆ།
སྒྲིང་ཁྱིམ་ཧྲམ་འགྱོ་ནུག སྒྲིང་ཁྱིམ་རམ་སོང་ནུག
སྒྲིང་ཁྱིམ་རམ་བཏང་ནུག སྒྲིང་ཁྱིམ་ཧྲམ་བཏང་ནུག
ང་སྡེ།  
ང་བཅས་འདི་ཚུ། ང་བཅས་ཆ་ཁྱབ།
ང་རང་གི་ཁྱིམ། ང་རའི་ཁྱིམ།
ང་བཅས་ཨིང་ལིཤ་ནང་ལས་འབད་བ་ཅིན། རོགས་ཨིང་ལིཤ་ནང་ལས་འབད་བ་ཅིན།
ངེས་བདེན། ཐད་རི་བ་རི། ཏན་ཏན།
དངུལ་ཕོགས་བཟེད། དངུལ་ཕོགས་ལེན།དངུལ་ཕོགས་ཞུ།
ངེའི་ཧོངས་ལས། ངེའི་ཁ་ཐུག་ལས།
ངེའི་ཨམ་སྲུ་གཡུས་ཁ་ནང་སྡོདཔ་ཨིན། ངེའི་གནསམོ་གཡུས་ཁར་སྡོདཔ་ཨིན།
ངེའི་བཀབ་ནེ་བཟུང་གནང་། ངེའི་བཀག་ནེ་བཤེད་གནང་།
སྨྱོ་རྫས་འཇུ་ཏ་ནང་ལུ་གཡིབ་བཞག་ནུག སྨྱོ་རྫས་ལྷམ་ནང་ལུ་་སྦ་བཞག་ནུག
ཅ་སྡེ།  
ཅ་ལ་ག་བཟུམ་ཨིན་ན། ཅ་ལ་ག་ཅི་བཟུམ་ཅིག་ཨིན་ན།
ཅ་ལ་དགའ་ཏོག་ཏོ། ཅ་ལ་འཇའ་ཆི་ཆི།
ཅ་ཆས་འཕྲོག་བཅོམ་འབད་ནུག ཅ་ལ་འཕྱོག་ནུག
ཅི་ནི། བྱེམ་གུ་རམ།
རྡོ་མ་བསྒྲལ་ནི། ལྕགས་བསྒྲལ།བསྒྲལ་ལྕགས།
ཆ་སྡེ།  
ཆུ། གངས་ཆུ། གཙང་ཆུ། རོང་ཆུ། ཨོམ་ཆུ། འབྱུང་ཆུ། ཆུ་མིག ཆུ་རྫབ་འདམ་རྫབ། འོལ་ཆུ།
ཆུམ། ཆུམ་ཙོག་རུ། ཆུམ་དུ་རུ་རུ། ཆུམ་གྱི་ཁྱབ་ཕྱེ།
ཆུའི་བཀག་ར། ཆུ་བཀག་ནིའི་གྱང་རྩིག
ཆབ་གསང་། གསང་སྤྱོད།
ཆུ་གུ་བཀལ། རྐང་ལག་གུ་ཆུ་འབུར་བཀལ།
ཆོ་གུ་གྱལ་ཁའི་མཆོད་ཆས་ཀྱི་རིགས།

༼རྔ།༽ རྔའི་རྒྱུ། ༡འ་འོ། ༢ཆུན་ནམ་ཟོམ་ཤིང་། ༣མཚན་ལྡན། ༤སྤྱ་ལམ། ༼རྔའི་བཟོ་བཀོད།༽ འབུར་རྔ། ལེབ་རྔ་འམ་ཟོ་རྔ། ༼རྔའི་དབྱེ་བ།༽ ༡གནམ་རྔ། ༢གསེར་རྔ། ༣ལེབ་རྔ། ༤ཐོད་རྔ། རྔ་འབུར། རྔ་གི་དབྱུག་པ། སྦྱིར་དབྱུག  རྔས་ཏོག རྔ་འཛིན། རྔ་གདན་ནམ་རྔ་པགས། ར་པགས། གླ་པགས།༼རོལམོ།༽ ༡སྤོ་སང་། ༢ཚོགས་སྦུབ། ༣སིལ་སྙན། ༤བལ་རོལ། ༥ཧོར་སིལ། ༦བོད་སིལ། རོལ་མའི་ཚང་། གཡབ་ཕྱི། ༼དུང་དབྱེ་བ།༽ ༡ཕ་ཇོ། ༢ཤིང་རྟ་པ། ༣སྟེང་ཆེན་པ། ༤རྩེ་ཕུགཔ། ༼ནང་གསེས་དབྱེ་བ།༽ ༡དུང་ཆེན། ༢ཚོགས་དུང་། དུང་གི་ཕོར་ཅུང་། དུང་གི་མདའ་གོངམ། མདའ་འོགམ། དུང་གི་ཁ་སྐུད། འོག་ཅུང་། དུང་གི་ཧང་ཅུང་། དུང་དཀར། སི་དུང་། ༼རྐང་དུང་།༽༡མི་རྐང་། ༢བྱ་རྐང་། ༢ཟངས་རྐང་། དྲིལ་བུ། རྡོ་རྗེ་རྩེ་ལྔ། རྡོ་རྗེ་རྩེ་དགུ། ཌ་རུ། གཅོད་ཌམ། ཀྲང་ཀྲི། ༼རྒྱ་གླིང་གི་རྒྱུ་ཆས།༽ སྟར་ཤིང་། མཚན་ལྡན། ཐིང་ཤིང་། རྒྱ་གླིང་གི་ནང་གསེས། ཅིབ་ཅི། སྦོ་ལྡིར། ཤངས། ལག་ཆབ།

མཆོད་ཁྲི་གུ་གི་མཆོད་ཆས་ཀྱི་རིགས།

༼དཀར་མེ་ཀོངབུ།༽ ༡བརྒྱ་མཆོད། ༢མཚན་པ། ༣འཁོར་ཡུག ༼བུམ་པའི་དབྱེ་བ།༽ ༡རྣམ་རྒྱལ་བུམ་པ། ༢པན་ཙ་དྷེཝ། སྤྲོས་རྡོ་རྗེ་རྒྱ་གྲམ་ཡོད་མི་ལུ་གཙོ་བུམ།  སྤྲོས་རྡོ་རྗེ་གཅིག་ཡོད་མི་ལུ་ལེགས་བུམ། སྒྲོན་གཡབ། ཀཔ་ལི།  ཕུད་ཀོང་ མཎྜལ། སྨོན་འབྲུའི་སྣོད། དུང་ཆོས། ཐོད་གཟུགས། བྷཛྙ། བསང་ཕོར། སྤོས་འཛིན། ཆབ་སྒྲོན། དཔལ་སྡེར། གཏོར་ཁྲི།  ཚེ་གཏོར། གཡབ་དར། རྟེན་དར། ཚེ་དར། ཕྱྭ་དར། ཐོག་བཀལ། ཇ་ཕུད་བཀང་ས།

མཆོད་རྫས་ཀྱི་རིགས། སྤྱན་གཟིགས་དར་དཔྱང་། གདུགས། རྒྱལ་མཚན། འཕན། བླ་བྲེས། སྒོམ་ཞྭ། སྟེང་ཁེབས། གཏོར་ཁེབས། བཏེག་ཁྲིའི་གོ། སྐུ་ཐང་།
མཆོད་པ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ། མཆོད་ཏིང་། ༼མཆོད་པ་ལྔ་ཚར།༽ མེ༌ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། ༼བདུན་ཚར།༽ མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། ༼བརྒྱད་ཚར།༽  མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། དྲག་པོའི་མཆོད་པ། ཁྲག་གི་ཨཱརྒཾ། དབང་པོའི་མེ་ཏོག ཤ་སྣའི་དུད་སྤྲིན། ཚིལ་ཆེན་མར་མེ། ཞག་ཆེན་དྲི་ཆབ། ཤ་རུས་ཞལ་ཟས།
ཆརཔ་རྐྱབ་མི་ལས་བརྟེན་དཀའ་ངལ་བྱིན་ཡོདཔ། ཆརཔ་རྐྱབ་ནི་འདི་གིས་ མི་སེར་ལུ་སྟབས་མ་བདེཝ་བྱུང་ནུག
ཇ་སྡེ།  
ཇ་བཟོ་ནིའི་རྒྱུ། སྟོད་པའི་ཡོན་ཏན་སྒྲོལམ། གཉའ་ཤིང་ཐུབ། གླི་ཅུམ།
ཇ་བཟོ། ཇ་བསྐོལ། ཇ་བསྲུ་ཟེར་ཡང་ཕོག་ལམ་དང་འཁྲིལ་ཏེ་སླབ་དགོཔ་ཡོད།
མཇལ། ནཱ་གིས་གསུངས་སར་གོ་ཡི། རྩ་ཁྲིམས་ནང་མཇལ་ཡི། བཤལ་སྡོད་སར་མཐོང་ཅི་ཟེར་ ཕོག་ལམ་དང་འཁྲིལ་ཏེ་མ་གཏོགས་ ཡོད་ཚད་གཅིག་ལུ་མཇལ་བའི་ཟེར་སྦྱར་ནི་འདི་འོས་འབབ་མིན་འདུག
ཉ་སྡེ།  
ཉེ་ཚན། ཨའི། ཨ་པ། ཨ་རྒས། ཨང་རྒས། ཨའི་རྒན་རྒས། ཨ་པ་རྒན་རྒས། བུ། བུམོ། ཚ་བོ། ཚམོ། ཕོ་རྒནམ། ནུང་གཅུང་། སྲིངམོ། ཨ་ཞེམ། ནུམོ། ཨ་ཞང་ཞངམོ། ཨ་ཞང་། ཨ་པའི་སྤུན་ཆ་ཨ་ཞེམ་དང་སྲིངམ་ལུ་ཨ་ནེ། ཨའི་གི་སྤུན་ཆ་ཨ་ཞེམ་དང་ནུམོ་ལུ་ཨ་མ། ཨ་པའི་ཕོ་རྒནམ་དང་ནུ་གཅུང་ལུ་ཨ་ཁུ། ཨའི་ཕོ་རྒནམ་དང་ནུ་གཅུང་ལུ་ཨ་ཞང་ཞངམོ། གནསམོ། རྨགཔ། ཡང་ན་གཉེན་གྲོགས། ཕ་རིགས་ལས་བདའི་སྤུན་ཆ་ལུ་ཕ་སྤུན། མ་རིགས་ལས་བདའི་སྤུན་ཆ་ལུ་མོ་སྤུན། ཨམ་སྲུ་སྤུན་ཆའི་རྨགཔ་གཅིག་ལས་ལྷག་སྟེ་ཡོད་པ་ཅིན་ རྨགཔ་ཚུ་ལུ་རྨག་རོགས། རྨག་སྐུད།  ཨ་ལྕོ། ཨའུ། ཕར་ཉེ། བཏགསཔ་རྣམས་སུ། རྒྱབ་ཨ་ལྕོ་ཕ་མེས།
ཉུང་མཐའ། ཉུང་ཤོས།
ཉེ་འདབས། ཁར་འཁོར་ཆ། སྦོ་ལོགས་ཁ།
ཏ་སྡེ།  
ཏ་རི། སྤྱི་ཚེས།
ཏི་རུ་སྤེག་ཀེ་གཅིག ཏི་རུ་བརྒྱ་ལྟབ་གཅིག
རྟ་རིགས། རྒོདམ། ཕོ་ཆེན། དྲེལ། བོང་ཀུ། རྟེའུ་ཅུང་།
གཏན་འཁེལ། ཏན་ཏན།
སྟབས་མ་བདེཝ་མ་འབྱུང་ནིའི་དོན་ལུ། སྟབས་མ་བདེཝ་མི་འབྱུང་ནིའི་དོན་ལུ།
ལྟོ་སྤུར་འབག ལྟོ་བཅིང་འབག
སྟབས་བདེ་འཕྲོད་འཕྲོད། སྟབས་བདེ་ཏོག་ཏོ།
ཐ་སྡེ།  
ཐད་ཀར། ཕྲང་ཕྲང་།
   
ཐིམ་ཕུག་ནང་ལུ་འགྱོ་ནི། ཐིམ་ཕུག་ལུ་འགྱོ་ནི།
ཐིམ་ཕུག་ཝང་གི་ས་གནས་ཁག་སོ་སོའི་མིང་།  དགེ་བསྙེན་ཁ། སྤྱི་གཞི་དགོན་པ། ཝང་བང་མོ། དར་ལུང་། སྤུངས་གཞི། བྱམོ་སྦྱིས། ཝང་སི་སི་ན། ཁ་རི་སྦྱིས། སི་ལི་ཁ། གླང་འབྲུག བཙན་སྐད་ན། ཁ་རི་སྦྱིས། འགྱམ་རྡོ་འོག་མ།་འགྱམ་རྡོ་གོང་མ། ཁ་ས་གྲབ་ཆུ། སི་རྒྱལ། མཁར་ས་ཁ། རྣམ་སྲས་གླིང་། སྲིན་མོ། དྭང་ལོ། ཙེའུ་སྒང་། ཇོམ་ཆུ་ཁ། རམ་ཏོག་ཏོ  རྒྱ་བཟའམོ། ༼བར་སྦི་གཡུས་ཚན་ཁག༽ ཕྱུག་པོ་སྒང་ཁ། སྒང་ཆེན། སྔགས་པའི་ཕུག  བར་པའི་ཕྱུགཔོ། ལྕགས་བླུག་ས། སིལ་བའི་ཐང་། སྡེ་སྲིད་ཚུར་ཀ སྡེ་སྲིད་ཕར་ཀ ལྕང་འགྱོ་་ཁ། ལྷང་ཁུ་དགོན་པ། བར་པ་ལྷ་ཁང་། ཝང་ཆུ་ལྟག་པ། རྟ་ལང་ཁ་དགོན་པ། བརཔ་རྒྱལ་བྱག་ཁ། བརཔ་སྒོ་ཅུང་། ཚ་ལི་མར་ཕོད། འབལ་ཁུ་ན། ཚ་ལི་དགོན་པ། སེམས་རྟོགས་ཁ། ཚ་ཚོ་སྦལ་ཁ། (མ་ཎི་དུང་འཁོར་གི་ས་ཁོངས)༼ཅང་གི་གཡུས་ཚན་ཁག༽ ཨོ་ཁ་ལ། ཅང་རྫོང་ཅུང་། ཅང་རྒྱ་ལུ། ཅང་ལུད་སྟོད། རུས་ཆད་ལྷ་ཁང་། ས་དམར་རྫིང་ཁ། རྟ་མགྲིན་གནས། (དྲག་དམར་བྲག) རྨོག་རི། ཟར་མགོ་ན། (དབྱངས་ཅན་ཕུག་གི་ས་ཁོངས།) ལུང་བསྟན་ཟམ་པ། ཅང་ཇི་ཇི། (ཅང་བྱི་བྱི།) ཅང་བང་འབྲུ། བཟའ་ཁེ་ལོགས། ཅང་ཟམ་ཏོག (ཅང་ཟམ་གདོང་།) སྒྱིད་དར་ཕུག (ཀ་ལ་བྷ་ཛར།) ཅང་ཟི་རི། ཅང་འཁོར་ལོ། (སྨན་ཁང་དང་མཆོད་རྟེན་གྱི་ས་ཁོངས།) ཅང་གི་ལེ། (དགྲ་འདུལ་དམག་ཁང་།) ཅང་དགེ་བསྙེན། (ཆུ་རྩལ་ཁང་གི་ས་ཁོངས།) ཅང་སྒུམ་མོ། (སྐལ་སྐྱིད་སློབ་གྲྭའི་ས་ཁོངས།) ཅང་གྱང་ས། (ལྕང་གླིང་མའི་ཐང་གི་ལྟག)༼ཀ་ཝང་གི་གཡུས་ཚན་ཁག༽མ་ཊམ་མཚོ། (གླིང་ཀའི་འོག།) ཐ་ར་གླིང་ཤིང་རྩ་བ། ཀ་ཝང་བཙན་གྲོང་ཐང་། (ཁྲིམས་ཁང་གོང་མའི་ས་ཁོངས།) ཀ་ཝང་གྱང་ས། གཟི་ལུང་ཁ། བདེ་ཆེན་ཕོ་བྲང་། བསམ་གཏན་གླིང་། འབྱུང་བཞི་ན། ཀླུ་གྲོང་ཕར་ཀ (གླང་ཇོ་ཕར་ཀ) ལྷའི་གྲོང་། (ཧེ་ཇོ།) བཀྲ་ཤིས་ཆོས་རྫོང་།བསོད་ན་རྒྱལ་ཁང་།
ཐུགས་དགོངསམ་མ་ཁྲེལ། དགོངསམ་མ་ཁྲེལ།
ཐུགས་གསོ་གནང་ནུག གོང་མ་གིས་འོག་ལུ་སེམས་གསོ་གནང་ནུག འོག་མ་གིས་གོང་མ་ལུ་ཐུགས་གསོ་ཕུལ་ནུག
ཐུག་རྐྱེན་བྱུངམ་ད་མི་༤སྡོད་ཡོདཔ་ཨིན། རྦོབ་རིལ་བའི་སྐབས་ལུ་མི་བཞི་ཡོདཔ་ཨིན་པས།
ད་སྡེ།
དམ་སྦྱིས་མ་གངམ་ཅིག། དམ་སྦྱིས་ཀོ།
དོགས་པ་ཟ། དོགས་པ་བསག
མདའ་བཟོ་ནིའི་རྒྱུ། རྒྱ་ལ་ཡང་ཀ རྒྱ་ལ་སངསམོ། ཚིག་རྣམ།
དྲན་པ་བཀལ། དྲན་པ་བཏོན།
དྷོསི། ཆ་རོགས།
དྲོ་པ་ཕར་འགྱོ་ཕྱི་རུ་ལོག་ནི། འོ་ལོག
གདོང་ལེན། སྟབས་མ་བདེཝ་བྱུང་མི་འདི་སྡུག་ཐེགཔ་འབད་དགོཔ། ཐབས་ལམ་བཏོན་དགོཔ
དྲགོས་མ་བཞུགས་ནུག དྲགོས་མ་བཞུགས་པས།  
དོརམ་བཙུག། དོརམ་གྱོན།  
དྲི་བ་ལེགས་ཞིམ་ཅིག་ཨིན་པས། དྲི་བ་ཁག་ཆེ་ཏོག་ཏོ་ཅིག་ཨིན་པས།  
དོམ་གྱིས་སྡེའུ་བཞར་ཏེ། དོམ་གྱི་སྡེའུ་ཞགས་བཞར་ཏེ།  
རྡོར་སློབ་བགྲེསཔ། རྡོར་སློབ་སྐུ་བགྲེས།  
ན་སྡེ།  
གནད་དོན་དེའི་ཐོག་ཁ་ལུ། གནད་དོན་དེའི་ཐོག་ལུ། གནད་དོན་དེ་གུ།  
ནོར་གྱི་དབྱེ་བ། བོའུ་ཅུང་། ཨ་ཙི་ཕོཝ་རྒྱགས་ཞིནམ་ལས་ ཕོ་ལུ་གླང་ཅུང་། མོ་ལུ་བ་ཐངམ། གླང་། རྒྱ་ཚ། རྒྱ་ཚམོ། ཡང་ཀུ། ཁྲ་བམ། བ་མེན། ནུབ་གླང་།
ནན་སྐུལ། ཨུ་ཚུགས།
ནད་རིགས་ཀྱི་དབྱེ་བ། རླུང་ནད། མཁྲིས་ནད། བད་ཀན་ནད་གཞི། བད་ཀན་གླང་འཐབ། བད་ཀན་རྨུགཔ། བད་ཀན་དཀར་ནག མགུ་ནད། མིག་ནད། ཁ་ནད། རྣ་ནད། སོ་ནད། ཚད་ནད། ཚཝ་མགུ་དུག ཚད་མཁྲིས། གྲང་ནད། སེམ་སྦོ་ཀྲོ། བཤལ་སྐྱུགས་ནད། གྲིབ་ཁམས། བྱི་ཐོད ཀླུ་བཤུར། བཙོག་བཤུར། དཔྱང་ཡེ་གོད་ཐོལ། སྐྱེ་ནད་སྦོ་ཀྲོ། ས་ནད། བམ་ནད། གྲུམ་ནད། རྩ་སྐུམ་ནད་གཞི། རྩ་དཀར་ནད། ཁྲག་ཤུགས། བརྒྱལ་ནད།  ཡམ་ནད། ཡ་ཁྲག ཡ་རླུང་། བད་རླུང་། ཁྲག་རླུང་། དམར་ཅནམ། སིན་ཐོད། ལྗང་ལུད། ཤི་མོ་སྦོ་རོ། མཁལ་རྡོག་ནད། དོན་ཧིང་ནད། སེམས་ཁམ་ནད་གཞི། རྐོང་ནད། སྤོ་རོ་དཀར་ཅུངམ། ཆུ་བཙག་ནད། གཟེར་ཁམས།
ནཱ་བུ་ཚུ། ནཱ་་ཆ་ཁྱབ།
སྣུམ་འཁོར་བཟོ། སྣུམ་འཁོར་བཅོ།
གནམ་སྤུབས་ནི་མས། གནམ་སྤུར་ནི་མས།
སྣུམ་འཁོར་ཐུག་རྐྱེན་བྱུང་ནུག སྣུམ་འཁོར་ཁ་ཐུག་རྐྱབ་ནུག
གནམ་མ་སྲོཔ་ཅིག་ཁ། གནམ་ས་རུབ་སྲོ་རི།
གནམ་མ་ལངསམ་ཅིག་ཁར། གནམ་ཧང་དྲགས་ཧུང་དྲགས།
མནོ་བསམ་ར་མ་སྡོད། མནོ་བསམ་ར་མ་བཏང་། རེ་བ་ར་མ་བསྐྱེད།
པ་སྡེ།
པག་ཤིང་རིགས། པག་ཤིང་། གཞུ་ཤིང་།ར་འབལ། འ་འོ་ནེ། ཟངས།
དཔའ་རྟགས་ཀྱི་རྡོག་མ་དང་ཤུབས་ཀྱི་དབྱེ་བ། (རྡོག་མ་གི་དབྱེ་བ།)གདུང་བསམ་ཐུརམ། ཆུ་ཁཔ་དཔག་བསམ་བསྟན་འཛིན། ནགཔོ་ཕ་ལ།

(དཔའ་རྟགས་ཤུབས་ཀྱི་དབྱེ་བ།)སེར་ནག་ཅནམ། སྦལ་པགས་ཅནམ། ཆུ་རིས་ཅནམ། ཧོ་ཤུབས་ཅན།

དཔྱད་རིག་བརྗེད་སོང་ནུག བརྗེད་སོང་ནུག དཔྱད་རིག་མ་བཏང་པས།
པག་ཀ ལེགས་ཞིམ།
པུ་ར། ག་ར། ཆ་མཉམ།
སྤོ་བཤུད་འབད། སྤོ། བཤུད།
སྤྱི་ཟླ་བཅུ་པའི་བར་ཁམས་ལས། སྤྱི་ཟླ་བཅུ་པའི་ཟླ་ཕྱེད་ལས།
ཕ་སྡེ།
ཕོ་གོའི་རིགས། དམར་ཁྲ། སེར་ཁྲ། ལུང་སེརམོ། ཨའི་ཀ་བུར། སྨན་རྩི་དམར་ཁྲ། ཨ་ཐང་དམར་ཁྲ། བུམ་ཐང་དམར་ཁྲ། སྤང་རྩི། རྐངམ་ཐགམ། གཡུ་ར། ཕྲུག
ཕོརཔ། འབོད་ཕོར། སྒ་ཕོར། བླ་ཕོར། བདེ་ཡངས་ཁབ། སིབ་ཅུང།
བ་སྡེ།
བཱན༌སྐྱི། དུ༌མ།
བར་མ་བཅད། སྣང་མ་བཅད།
བུམ་ཐང་དང་མོང་གི་བར་ནའི་ས་གནས་ཀྱི་མིང་། བོད་པ་རླག་ཐང་། སྟངས། ཤིང་མཁར། ཨུ་ར། དགེ་ཟམ་ཆུ། ཁྲུམ་སེ་ལ། སེང་སྒོར།  གནམ་གླིང་བྲག ལ་སྟོང་ལ། ཡོན་སྐོང་ལ། གླིང་མའི་ཐང་།
བྱ་ཚིག་གི་རིགས། རྩཝ་སེལ། ཤིང་བརྡབ། ཞལ་ལག་སྤྱིལ། དུམ་བཏོག ཤིང་བཀག འཁརཝ་བཅད། ཚལ་མ་རྫམ། རྩ་བརྔ་། ཧོན་ལྡུ་འབལ། ཧོན་ལྡུ་རྫམ། བསང་བཅག བསང་སྤྱིལ། མདའ་རྐྱབ། རྐེད་བཤེད་འཛིང་། ཨརཝ་བརྐུ། ཤོབ་རྐྱབ། རྟས་ཐག་གིས་བརྡུང་། རྩལ་རྐྱབ། རལ་གསིག་རྐྱབ། འཕང་རིལ་སྒྱུར། ཡར་འཕར་རྐྱབ། སྲིབ་བརྡུང་། ཐངམ་བརྡུང་། ཕོ་བཤུད་རྐྱབ། མཆོང་རྐྱབ།
བྱ་རིགས། ཀ་ལ་པིང་ཀ ཀང་ཀུ་རུ། ཀུ་ཧུ། ཀྲིན་ཀུ། ཀོ་ཀི་ནེ་ཏོ། རྒྱ་གར་བྱི་ཅུང་། རྒོད། ལྕུང་ཀ ཆུ་བྱིའུ། ཆར་འདོད་བྱིའུ། ཆུ་བྱ་གནགམོ། ཆུ་བྱ་དཀརམོ། ཆུའི་མ་ཆགས་རྒྱལ་མོ། སྟག་བྱི། ལྟས་སི་ཕང་། ལྟས་སྦྱི་གནགམོ། ཐང་ཀ་རསཔ། ཐི་ལི་རྒྱལ་མོ། འདམ་བྱ། འདྲེ་ཏོ་ཟེམ། ནེ་ཙོ། ནགས་ཐི་རྒྱལམོ། ། སྤང་སྦྱིསམ།ཕུ་ཀྲེ། ཕུ་ཀྲེ་སྦོཝ་དཀརཔོ། འཕྱར་རྒོད། འཕྱར་གནག བྱ་སྦོཝ་དཀརཔོ། བྱ་མདངསབྱ་ཁྱུང་། བྱ་མདངས་མཇུག་སྒྲོ། བྱང་དཀར་རྒྱལམོ། སྦོབ། འབོལ་ལོ་ཟེམ། དབུས་སུ། བྱི་ཅུང་ནེ་གཟནམ། བྱི་ཅུང་འབོལ་ལོ་ཅནམ། རྨ་བྱ། བྱི་ཅུང་སྦོཝ་དཀརཔོ། ཟེམ། གཟིགཔ་བྱི། འུག་པ། ཤང་ཤ ཤིང་ཏོ་གནགམོ། ལེ་ཀོ། སེར་བྱུ་རུ། ་་ཧོ་ཀྲུ། ཧོན་ཤིང་བྱིའུ་ཅུང་། ལྷ་བྱ་གོངམ། ཨ་ཀུ། ཨ་མ་ལིའུ་ཙི། ཨའུ་སེང་ངེ། ཨོ་ལ། ཨོ་རོག

གཡུས་བྱའི་དབྱེ་བ། བྱ་པོད། བྱ་ཨ་ཟེ། བྱམོ། སྒོང་རྡོག་བུད་དེ་བྱིའུ་ཅུང་བཏོན། ཨ་ཙི་ཕོཝ་རྒྱགསཔ་ད་ ཕོ་ལུ་བྱཔོ་ཅུང་། མོ་ལུ་བྱ་ཐངམ།

བྱི་ཅུང་ཕྱུག་གུ་འཚའ། སྒོང་རྡོག་བུད། བྱི་ཅུང་བཏོན།
འབད་པ་ཅིན། འབད་བ་ཅིན།
འབུབ་ཀྱི་རིགས། སྦུལ།༽ ཀ་ཤ་སྦུལ། དུག་སྦུལ། སྦུལ་མེ། སྦུལ་ཅུང་ཞལ་ལག ཀོ་སྲནམ། ཀི་ཤིག སྲོ་མ། ཤིག བྱ་ཤིག འདྲེ་ཤིག དཀར་ལེ་འབུབ། ལྕོང་འབུབ། ཉ་སྦལ་སི། རྣ་གཟནམ། སྤྱིའུ་ལྟགཔ། སྤུས། གྱོག་མོ། གྱོག་མོ་རྐེད་སྟེངམ། གྱོག་མོ་བལ་ནགམོ། སྟོང་ཕུག་བྱི་ལི། ཨ་ཁུ་དོམ། པདཔ། ཆུ་པདཔ། ཟང་པད། བབ་ཤནམ། ཀན་རྩ་ལ། ཟྭ་ཆ་འབུབ། གདུང་དུ་རུ། བ་དམརམོ། ཧོ་ཤིག་འབུབ། ཧེ་ཧེམ། ཨམ་གུ་ལི་རྒྱལམོ། སྒྲོནམ་སྐརམ། གླང་ཅུང་འབུབ། ལྕོང་མོ། ཞོལ་ལེམ། དུང་དཀར་འབུབ། སྡིག་པ་ར་ཛ།
བོན་སྐོར་སླབ་མི་དེ་ཡང་། བོན་སྐོར་ཟེར་མི་དེ་ཡང་།
བློ་སྦ་མ་བཞག བློ་གསང་མ་བཞག
འབྱོ་ལ། ཕོར་ཁུག ལག་ཕད། རྡོག་ཕད།
བྱཱ་བཙུག། ལྕང་སོན་བཏབ། ལྕངམ་གཡུར། ལྕངམ་འབལ། བར་ཚིག་བཞུར། ཁ་པ་ལྷོག སྐམ་རྨོག་རྐྱབ། འདམ་རྐྱབ། ལྕངམ་བཙུག བྱཱ་གཡུར་རྐྱབ། བྱཱ་བརྔ་། བྱཱ་ཐང་བརྡལ། ཕང་སྐེ་བསྐྱལ། ཕུང་བརྩིགཔ། བྱཱ་འཕུ། རེད་ཁུ། བངམ། ལུདཔ།
བྱ་ཡི་ཕྱུག་ཀུ བྱིའུ་ཅུང་།
བྱཱ་སེལ། བྱཱ་གཡུར་རྐྱབ།
སྦྱངམ་གི་རིགས། བྱིང་གུམ། སྤོ་ཏོམ། སེར་སྦྱངམ། བྱག་སྦྱངམ། དར་སྦྱངམ། ཤེལ་སྦྱངམ། སྦྱང་ནག སེར་ཅུངམ། སྦྱང་སི། སྐྱ་ཕྱེམ། ཤ་སྦྱངམ། ཨ་བ་སྦྱངམ། ད་དཀར་སྤུ་སོག
མ་སྡེ
མར་ཁུའི་རིགས། པད་ཀ་མར་ཁུ། སྤང་ཙི་མར་ཁུ། འདོམས་ཤིང་མར་ཁུ། ཡིག་ག་མར། བསེ་མར། ཏིལ་མར།
མེ་ཏོག་གི་རིགས། སྐལ་བཟང་མེ་ཏོག ཡང་ན་ཚུལ་ཁྲིམས་མེ་ཏོག ཡང་ན་སྤུ་སི་མེ་ཏོག ཀེ་བ་མེ་ཏོག ཁམ་རྒོད་མེ་ཏོག འཁན་པ་མེ་ཏོག འཁན་དཀར་མེ་ཏོག ཁེང་མའི་མེ་ཏོག རྒྱས་ཤིང་མེ་ཏོག  ལྕང་ལ་མེ་ཏོག ཉིམ་གང་ཤར་མེ་ཏོག  སྟག་འཚེར་མེ་ཏོག བ་ལི་མེ་ཏོག སུ་ལི་མེ་ཏོག ཆུ་དཀར་མེ་ཏོག པངྨ་མེ་ཏོག མ་ཞོངམ་མེ་ཏོག སེར་ཤོག་མེ་ཏོག ས་ལེ་སྦྱམ། ཙམ་པ་ཀའི་མེ་ཏོག ཚེ་སྔོན་མེ་ཏོག ལ་ཕུག་མེ་ཏོག ཧ་ལོ་མེ་ཏོག ཨེ་ཏོག་མེ་ཏོག
མེ་བཏེག་ནིའི་མར་ཁུ། ས་བཏེག་དང་ལ་ཝང་ནང་ལུ་བླུགས་མི་མར་ཁུ་དང་མར་ཀྲི་ལུ་ བཞུ་རྫས་ཟེར་སླབ་ཨིན།
མེ་ཀྲེ་སྒམ་གཅིག མེ་ཀྲེ་སྒྲོམ་གཅིག
མོ་གོས་ཀྱི་རིགས། དམར་ཁྲ། སེར་ཁྲ། ལུང་སེརམོ། སྨན་རྩི་དམར་ཁྲ། ཧོར་ཁྲ་རྒྱ་ལོ་ཅནམ། ཨོ་ཤོམ། བུམ་ཐང་དམར་ཁྲ། སྤང་རྩི། མན་ཐག  ཕྱ་རུ། རྡོག་པའི་སྐེ་རག རྡོག་པའི་སྐེ་རག་བྱང་ཐག་གཉིས་ལུ་ བུབ་གཅིག
མོ་ངེའི་རྨག་པའི་ནུམོ་ཨིན། མོ་ངེའི་རྨག་པའི་སྲིངམོ་ཨིན།
མི་སྤུངས་འཛོམས་འབད་ནུག མི་འཛོམས་ནུག མི་སྤུངས་ནུག
མེདཔ་ཐལ་ནིའི་གོ་སྐབས་འདུག མེདཔ་ཐལ་ནིའི་ཉེན་ཁ་འདུག
མང་ཆེ་བ། མང་ཆེ་ཤོས། མང་ཤོས།
མེ་རྐྱེན་ཚད་འཛིན་འབད་མ་ཚུགས་པས། མེ་གསད་མ་ཚུགས་པས། མེ་བཀག་མ་ཚུགས་པས།
ཙ་སྡེ།
རྩང་གི་རིགས། སིའུ་ཤིང་རྩང་།སྐྱེར་པའི་རྩང་།སྟག་འཚེར་རྩང་། ཚལ་མ་ཚལ་ལུ།
རྩེད་མོའི་དབྱེ་བ། ཁྱབ་ཆ། གཅིགམ་གཉིསམ། འ་མ་འུ་སྐྱུར། ཅིའུ་ཅིའུ་གོ་གོ། དྲགཔ་དྲགཔ་མཁསཔ། ཨམ་ལ་ཕུག་ར་འབལ། སྟག་དང་ནོར། སོག་སོགམ། རྒྱུགཔ། མདའ། རྡོས་སྒོར། ཁུ་རུ།
བཙོག་ཆུ། ཨར་ཆུ། ཕོག་ལམ་དང་འཁྲིལ་ཏེ་བཙོག་ཆུ་ཟེར་ཡང་སླབ་སྲོལ་ཡོད།
ཚ་སྡེ
ཚར་དང་པག་ཤིང་གི་རིགས། ཧིག་ཅུང་། ཧིག་མ། ཧིག་ཚིག ཚིག་གནགམོ། ཆུ་སྦ། ཟངས་སྦག མ་ཧིག པག་ཤིང་། གཞུ་ཤིང་།ར་འབལ། འ་འོ་ནེ། མུག སི། ཟི། མ་ཧིག
ཚར་བཟོའི་ཅ་ཆས་ཀྱི་རིགས། བང་ཅུང་། ཁྱུང་ཅུང་། ལག་ཁྱུང་། དོ་ཁྱུང་། ཙེའུ། སྦི་ཁྱབ། རེད་བརྡལ། ཆང་ཤོ། ཆང་ཀུ།
ཚད་འཇལ་ཐངས་ཀྱི་དབྱེ་བ། སྒྱི་གང་། ཐོ་གང་། སྐུམ་ཅུང་གང་། ཁྱུ་གང་། ཁྱུ་བཞི་ལུ་འདོམས་གང་། སྤོར་དྲུག་གི་ཕུད་ཏ་གང་། ཕུད་ཏ་གསུམ་གྱི་བྱེ་གང་།
ཚོས་ཀྱི་རིགས ཚོས། བཙོད་ཁམས། ལུང་མམ། ལི་ཝང་།
ནན       ཚོས་ཀྱི་རྒྱུ། དམརཔོ་བཟོ་ནིའི་རྒྱུ་བཙོད་དང་རྒྱ་ཚོས། སེརཔོ་བཟོ་ནིའི་རྒྱུ་ཞུང་ཁེ་དང་ སྐྱེར་པའི་རྩང་། ཧོནམ་བཟོ་ནིའི་རྒྱུ་རམ། ལྗང་ནག་བཟོ་ནིའི་རྒྱུ་སྟར་ཀོ་པགས་ཀོ། སྨན་ཙི་ལ།
དདད      ཚོན་གྱི་དབྱེ་བ། བཟང་ཚོན། ས་ཚོན། བོད་ཚོན། ས་ཚོན་དཀརཔོ་ལུ་ཀ་ར།  ས་ཚོན་དམརཔོ་ལུ་བཙག ས་ཚོན་སེརཔོ་ལུ་ངང་པ། ས་ཚོན་ནགཔོ་ལུ་ ས་ནག
ཚོན་གཏངམ་ད་དགོ་པའི་ཅ་ཆས། ཚོན་ཀོང་། པྱིར། ཕག་ཟེ། ལྟིར་ཤིང་། ཀོ་སྤྱིན།
ན        ཚོན་ཚོཝ། དཀརཔོ། སེརཔོ།  དམརཔོ། ཧོནམོ། ལྕང་ཁ། གནགཔོ། ལི་ཝང་། ལྗང་ཁུ།
ན        ཚོན་སྐྱཝ། དམར་སེར། སྨུ་ནག སྔོ་དཀར། ལྗང་སེར། དུར་ཁ།
ཚོས་ཀྱི་རིགས ཚོས་གཞིའི་དབྱེ་བ་གཞན། དམརཔོ་ལུ་ཚལ། ཧོནམོ་ལུ་མཐིང་། ལྗང་ཁུ་ལུ་སྤང་། ནག་རྩི།
ཚོར་ཡི། མནོ་ཡི།
ཚོགས་མི། འཐུས་མི།
ཚོད་བསྲེ་བཏོག སྤྱིར་བཏང་ལུ་ཚོད་བསྲེ་བཟོ། ཤ་མུ་བཟི། ཨེ་མ་བཀག་སྟེ་བཏུབ། ཨེ་རྫས་སྦྱར་ཡང་ན་སྦྱོར། ཀ་ཀུ་རུ་བཀག་སྟེ་བཏུབ་ ཟེར་དབྱེ་བ་སོ་སོར་ཡོདཔ།
ཚོདམ་གི་དབྱེ་ཁག བྱ་རྒྱུ། ཨེ་མ་དར་ཚིལ། ལོམ་བྱ་རྒྱུ། ཧོ་སྒྱེས།  ཨེ་རྫས། སྤྱོད་རྒྱུ། སྒྱེས་སྒྱེསཝ་། ནོར་ཤ་དམར་རུ། རྐང་ཅུ་དམར་རུ། ཀོ་སྒྱེས།  སྤགས། སྦལ་ཟུམ། སྒོང་རྡོག་སྲེག་སྲེགཔ། སྒོང་རྡོག་དམར་རུ།

མངར་ཇ

ཚོད་བསྲེ་འཛུགས་སྐྱོང་། ཚོད་བསྲེ་བཙུགས། ཚོད་བསྲེ་བཏབ།
ཛ་སྡེ
འཛུལ་ཞུགས་འབད་ནུག འཛུལ་ནུག
འཛརཝ་རྔོཝ་ད་དགོ་པའི་ཅ་ཆས། ལྷ་ང་། ཨམ་པ། སེག་སེགམ།
རྫོང་གཞིས་ཕན་ཚུན་གཉིས་ལུ་གསོལ་ཐབ་བྱོན་པའི་སྐབས་ཀྱི་ས་གནས་ཀྱི་མིང་།   བཀྲ་ཤིས་ཆོས་རྫོང་།  ཐ་བྲག་གླིང་ཤིང་རྩ་བ། ལྕང་གླིང་མའི་ཐང་། ལུང་བསྟན་ཟམ་པ། ས་དམར་རྫིང་ཁ། ཅང་ལུད་སྟོད། རུས་ཆད་ལྷ་ཁང་། སེམས་རྟོགས་ཁ། འོད་གསལ་སྤང་། ལྷུང་མཚོ་ཀུན་ར། གནག་ཀོང་བཙིག་ཀོང་། རྡོ་ཀྱོང་གསེར་གྱི་ཐང་། སྡོང་སྦོ་བ། རྡོ་ཀྱོང་ལ། བླམ་དཔལ་རི།  རྡོ་ཅུང་གསེར་གྱི་གཟར་ཅུང་།  རྡོ་ཀྱོང་གསེར་གྱི་གཞོངམ།  སྟགམོ་ཞོབ་ས།  ཚ་རྡོ་སྤེག་ས། རྨ་བྱ་འཁྱམ་ས། སྤང་དབང་ཁ། ལྕམ་གཟེར་ན། ཕན་ཙི་ཟམ། ཕྲིན་ལས་སྒང་། ལུང་འགྱམ་གོང་མ། ཕྱག་མདའ་ན། གསོལཝ་དྲང་ས། དགོན་ཅུང་ན། དར་འཕྱར་སྒང་། མོ་ཆུ་ཕར་ཀ སྤུངས་ཐང་རྫོང་།
མ་སྡེ
བཞེས་སྒོ་དང་ཅིག་ཁར་འཐུང་ནིའི་རིགས། ཧུབ་ཆ།
བཞེས་ཕོར། བཞེས་ཆ།
གཞུང་འབྲེལ་དུ་སྦེ། གཞུང་འབྲེལ་ལུ།
ཞྭམོ་གྱོན། ཞྭམོ་བཙུག
ཟ་སྡེ
ཟ་ཧོད་ཀྱི་རིགས།          ཟླ་པ། དོ་ལོམ། བང་ཅུང་། ཐ་ལི། ཕོརཔ། སིབ་ཅུང་།
ཟོང་གི་དབྱེ་ཁག          དམར་ཁྲ། སེར་ཁྲ། ལུང་སེརམོ། ཨའི་ཀ་བུར། སྨན་རྩི་དམར་ཁྲ། ཧོར་ཁྲ་རྒྱ་ལོ་ཅནམ། ཨོ་ཤོམ། ཨ་ཐང་དམར་ཁྲ། བུམ་ཐང་དམར་ཁྲ། སྤང་རྩི། སྤང་ཁེབས། མན་ཐག  རྡོག་པའི་སྐེ་རག བྱང་ཐག་གཉིས་ལུ་སྐེ་རག་བུབ་གཅིག ཆུ་རག་སྤང་ཁེབས། ཕྱག་བསིལ་སྤང་ཁེབས། རྐངམ་ཐགམ། གཡུ་ར།
གཟུགས་ཀྱི་ཆ་ཤས། གཟུགས་ཀྱི  དཔྱལཝ། རྣམ་ཅོ། མིག་ཏོ། མིག་རྫིམ། ལྷ་པ། ཁ། སོ། སོའི་རྙིའུ། ཨོལ་ལྐོག ཨོམ། བྱང་ཁོག ཕོ་ཅུངམ།  ལྟེཝ། རྐེདཔ།  ཨ་བུག ཨ་བུག་སྒང་ཚིག  དཔྱི་སྨད། པུས་མོ། ངར་གདོང་། སྒྱིད་གོངམ། སྒྱིད་ཐག རྟིངམ། ཚིག་ཏོ། རྗེས་ལེ། ལགཔ། ཕྱག་ལྟག དཀྱིལ་ལི། ལག་ངར། མཛུབ་ཅུང་། ཨམ་ཐེ་བོང་། སེན་མོ། ཧུང་། ལྷིབ་ཏོ། མཇེ། གཉའ་ལྟགཔ། སྤོ། སྟུ། བྱ་ལེ། བྱེ་ཅུང་། མགུ་ཏོ། སྐྱ། རྩ། ཀླདཔ། དོན་ཧིང་། མཆིནམ། གློཝ། རྒྱུ་མ།བ་སྤུ།
ན ཟོང་བཅོལ་བསྐྱལ། མི་ཅིག་ལུ་ཅ་ལ་ཉོ་འབག་གནང་ཟེར་ཏིག་རུབ་བསྐྱལ་མི་ལུ་
བཟོ་སྐྲུན། རྫོང་བཞེང་། ཟམ་རྐྱབ། ཁྱིམ་རྐྱབ། ལམ་སེལ། གྱང་བརྡུང་ཟེར་ འཇུག་ཚུལ་སོ་སོར་ཡོད་རུང་ ག་རའི་ཁྱད་ཆོདཔ་སྦེ་བཟོ་སྐྲུན་བཙུག་ནི་འདི་གིས་ གཞན་མིང་ཚིག་ཚུ་སླབ་མི་ཉུང་པས།
ཟླཝ་ཤིཝ་ད། ཟླཝ་རྫོགསཔ་ད།
འ་སྡེ
འམ་ཅིག འ་ནེམ་ཅིག
ཡ་སྡེ  
གཡག་གི་མར། ལ་མར།
གཡག སྤྱིར་མིང་ལུ་ ལ་ནོར་ཟེར་སླབ་ཨིན་རུང་ ནང་གསེས་དབྱེ་བ་ ཕོ་ལུ་གཡག མ་ལུ་འབྱིམོ།
གཡུས་སྒོ། གཡུས་ཚན། གཡུས་སྒོ་ཟེར་སླབ་སྲོལ་ཡོད་རུང་ གཡུས་སྒོ་ཟེར་མི་འདི་ གཡུས་སྐྱོ་ཤོས་ཅིག་ལུ་སླབ་སྲོལ་འདུག
གཡུས་ཀྱི་རྒྱབ་ཁུངས། སྤུངས་ཐང་ཁ་དོམ་པ་ལ། པན་ཆེན་བསྟན་འཛིན་ཆོས་རྒྱལ་གྱིས་གདན་ས་བཅགས་གནང་བའི་སྐབས་ དགོན་སྡེ་འདི་དཔལ་འཁོར་ལོ་སྡོམ་པའི་གནས་རི་གུ་ཆགས་ཡོདཔ་སྦེ་གསུངས་ཞིནམ་ལས་ཚུར་ གཡུས་ཚན་གྱི་མིང་སྡོམ་པ་ལ་ཟེར་དར་ཡོདཔ་ཨིན་རུང་ ཤུལ་ལས་མིང་གི་ཟུར་ཉམས་ཏེ་ དོམ་པ་ལ་ཟེར་དར་ཁྱབ་སོང་ནུག

ཝང་ཚོ་ཆེན་བརྒྱད་ལས་ཅང་ཟེར་མའི་མིང་གནས་བྱུང་ཚུལ། ཕ་ཇོ་འབྲུག་སྒོམ་པོ་ཞིག་པོའི་གདུང་སྲས་ཉི་མ་མཆོག་གིས་ ད་ལྟོ་ཅང་སྒང་ཁ་ལྷ་ཁང་ཡོད་སའི་སྒང་དེ་ཁ་ལས་ ཨོ་རྒྱན་རིན་པོ་ཆེའི་ཆིབས་རྟ་ཅང་ཤེས་དངོས་སུ་མཇལ་ཡོདཔ་ལས་བརྟེན་ དེ་ལས་ཚུར་ས་ཁོངས་ཀྱི་མིང་ཡང་ ཅང་ཟེར་དར་ཁྱབ་སོང་ནུག

དགོན་ཅུང་ཁ། རྒྱལ་ཁབ་འདིའི་སྐྱབས་མགོན་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་དབུས་གཙོས་པའི་ གཞུང་གྲྭ་ཚང་འཕགས་པའི་དགེ་འདུནམ་ཚུ་ གདན་ས་ཕན་ཚུན་གཉིས་ལུ་གསོལ་ཐབ་ཕར་ཚུར་བྱོན་པའི་སྐབས་ གཞུང་ལམ་དེ་ཁར་གསོལ་ཇ་དྲང་ས་ཨིནམ་མ་ཚད་ དེ་བསྒང་མཚན་ཉིདཔ་ཚུ་གིས་རྩོད་པ་རྐྱབ་པའི་སྐབས་ དགོན་ཅུང་ན་གཡུས་ཚན་འདི་ ལམ་ལྟག་སྨོ་ ལམ་འོག་སྨོ་ཟེར་རྩོད་པའི་ཚིག་ནང་སླབ་སྲོལ་ཚུད་དེ་ཡོདཔ་ལས་ དེ་ལས་ཚུར་དགོན་སྡེ་ཆུང་བའི་མིང་གནས་ཆགས་ཏེ་དགོན་ཅུང་ན་ཟེར་སླབ་ཨིན་པས།

རོང་ཐུང་། ཁ་རྒྱུན་ལས་ ས་གནས་དེ་ནང་ནགས་ཚལ་སྟུག་དྲགས་ཡོད་ནི་འདི་གིས་ གཡུས་ཀྱི་མིང་རོང་ཐུག་ཟེར་བཏགས་ཡོད་པའི་ཁར་ སྡེ་སྲིད་༡༣པ་ཆོས་རྒྱལ་ཤེས་རབ་དབང་ཕྱུག་མཆོག་གི་རྣམ་ཐར་ནང་ལུ་ཡང་ རོང་ཐུག་ཟེར་བཀོད་གནང་སྟེ་ཡོད་རུང་ བར་སྐབས་ཅིག་ལས་རྗོད་སྒྲ་ཟུར་ཉམས་ཏེ་རོང་ཐུང་ཟེར་དར་ཁྱབ་སོང་ནུག

དཀོན་འབར། མོང་སྒར་རྫོང་གི་གདོང་ཕྱོགས་ ཧེ་མ་གཡུས་ཀྱི་མིང་གདོང་ཕྱུག་ཟེར་སླབ་ཨིན་རུང་ དུས་རབ་༧པ་སྐོར་ཆ་ལུ་ གཡུས་ཚན་དེའི་སྦོ་ལོགས་ཁར་མཚོ་སྦོམ་ཅིག་ཡོད་མི་དེ་ནང་གི་མཚོ་གླང་དང་ གདོང་ཕྱུག་གཡུས་ཚན་གྱི་བ་མེན་གཉིས་འཐབ་སྟེ་ མཚོ་གླང་བསད་ད་ནི་འདི་གིས་ མཚོ་དེ་ཡང་གཡུས་འཐོན་ཏེ་ཁེངས་བུ་ལི་ལུ་སྤོ་ཡར་སོང་ནུག སྔོན་མ་སྦེ་བ་ཅིན་ མཚོའི་སྦོ་ལོགས་ཁར་རྡོའི་ཧིའུ་ནང་ལུ་ རེད་བྲེ་གང་བརྡུངམ་ད་ ཆུམ་བྲེ་དོག་འཐོན་ནི་ཡོད་རུང་ མཚོ་སྐམ་སོང་ཞིན་ན་ལས་ ཆུམ་ཉུང་སུ་ཅིག་ལས་བརྒལ་འཐོན་ནི་མེདཔ་ལས་ ཧིའུ་འདི་ལྕགས་ངར་གྱིས་འབལ་ལྟཝ་ད་ ཕུ་ཀྲེ་གཉིས་འཐོན་ཏེ་ཕུར་ཡར་སོངམ་ལས་ གཡུས་ཚན་འདི་ནང་ཉིནམ་གཅིག་ལས་ཉིནམ་གཅིག་ཟ་འཐུང་དཀོན་སུ་སྦེ་མུ་གེ་འཐོན་ཡོད་རུང་ བླམ་ཅིག་གིས་ད་ལྟོ་ཟ་འཐུང་དཀོན་རུང་ ཤུལ་ལས་འབར་ནི་འོང་ཟེར་གསུངསམ་ལས་ གཡུས་ཀྱི་མིང་ཡང་དཀོན་འབར་ཟེར་དར་ཁྱབ་སོང་ནུག

མཐིལ་ལེ་གཡུས་ཚན། གཡུས་ཚན་ཆགས་སའི་ས་ཁོངས་འདི་ ལག་མཐིལ་བཟུམ་སྦེ་ཡོད་ནི་འདི་གིས་ གཡུས་ཚན་གྱི་མིང་ཡང་མཐིལ་ལེ་ཟེར་དར་ནུག

ཨ་བརྒྱ། ཨོཾ་ ཨོཾ་བྷ་གནས། ཨཱ་ ཨཱ་བརྒྱ་གནས། ཧཱུཾ྇ཾ་ ཤྲཱི་མུ་ཧཱུཾ་ ཨོ་རྒྱན་རིན་པོ་ཆེ་གིས་ཡིགུ་ཨཱ་བརྒྱ་གཅིག་གཏེར་ལུ་སྦ་གནང་ཡོདཔ་ལས་ ཨཱ་བརྒྱ་ཟེར་སླབ་ཨིནམ་སྦེ་བཤད་སྲོལ་ཡོད་རུང་ བཤད་སྲོལ་གཞན་ཅིག་ལས་སྦེ་བ་ཅིན་ ཨོ་རྒྱན་རིན་པོ་ཆེ་གིས་ལྷ་སྲིན་གདུག་པ་ཅན་ཚུ་བཏུལ་ཏེ་ ཇི་སྲིད་འཁོར་མ་སྟོང་གི་བར་ན་ལོང་ནི་མེདཔ་སྦེ་བཀའ་དང་དམ་འོག་ལུ་བཙུགས་ཏེ་ སཱ་མ་ཡ་རྒྱ་རྒྱ་རྒྱ་ན་རཀ་ཀན་ཟེར་ཕྱག་ཐམ་གནང་ཡོདཔ་ལས་ ས་གནས་ཀྱི་མིང་ཨ་རྒྱ་ཟེར་དར་ནུག

བར་གཤོང་། ཐིམ་ཕུག་རྡོར་གདན་ན་དང་ གླིང་བཞིའི་བར་ན་ཆགས་ཏེ་ཡོད་པའི་བར་གཤོང་གཡུས་ཚན་འདི་ བོད་བར་རི་ལས་ གསེར་བྲིསམ་ཆོས་པོ་ཏི་གཅིག་འཕུར་ཏེ་ས་ཁོངས་འདི་ཁར་ཆགས་ཡོདཔ་ལས་ ས་གནས་ཀྱི་མིང་བར་གཤོང་ཟེར་དར་ནུག

སིན་ལུང་དགོན་པ། ལྷ་ཁང་གི་སྦོ་ལོགས་ཁར་ཅན་དན་ཤིང་གི་རྩ་བར་ མཚོ་ཅིག་ཡོད་མི་འདི་ སྔོན་མ་གཡུས་ཀྱི་ལྟག་ལུ་ཨིན་རུང་ བར་སྐབས་ཅིག་ཁར་ལུང་བསྟན་དང་བསྟུན་ཏེ་གནས་སྤོ་འགྱོ་བའི་སྐབས་ ད་ལྟོ་གཡུས་ཚན་ཡོད་སར་ལྷོདཔ་ད་ མཚོ་སྨན་གྱི་བུ་མོའི་སིན་ཅུང་ས་ཁར་ཤོར་བའི་སྐད་ལུ་བརྟེན་ གཡུས་ཀྱི་མིང་སི་ལུང་ཟེར་དར་ནུག

ཡང་བསྐྱར། ལོག་སྟེ་ར། ད་རུང་ར།
ར་སྡེ
རབ་གསལ་གྱི་ཤིང་ཆས་དབྱེ་བ། ཟུར་སྦུག གློ་ཤུབས། འཛིན། ཀ་ཅུང་། ཚེ་རྒྱན། སྐེ་རགས་སྒོན་ཐེ། སྒོ་ཤུབས།
རེད་བྲེ་༤༠༠ རེད་ཉི་ཤུ་གཅིག
རེད་བྲེ་༨༠༠༠༠ འབྱུ་ཁལ་ཆེན་གཅིག
རེད་བྲེ་༡༦༠༠༠༠ ཡང་ཆེན་གཅིག
རེད་བརྡུང་། ཐངམ་བརྡུང་།གཙོ་རུ། ཁྱབ་ཕྱེ། ཨུམ་ཕྱེ། ཤུན་པ། སྟེག་ལས།
ལ་སྡེ
ལས་རིམ། ལཱ་སྐོར།
ལཱ་ག་ར་གཅིག་ཁར་ཕོག ལཱ་འབའ་འཐབ་རྐྱབ།
ལུས་སྟོབས། གཟུགས་སྟོབས།
ལཱ་འབད་བའི་སྐབས་སུ་ལུ། ལཱ་འབད་བའི་སྐབས་ལུ། ཡང་ཅིན་ལཱ་འབད་བའི་སྐབས་སུ།
ཨ་ཞང་ཨ་ཅུམ་ལ་སོགས་པ་ཚུ། ལ་སོགས་པ་དང་ཚུ་གཉིས་ཆ་ར་ མང་ཚིག་ཨིནམ་ལས་ རྫོང་ཁའི་སྐབས་ལུ་ཚུ་རྐྱངམ་ཅིག་བཙུག་རུང་འཐུས་པས།
ལགཔ་སྒྲིང་སྒྲི་སྦེ་བཟུང་སྡོད། ལགཔ་སྒྲིང་སྒྲི་སྦེ་བཤེད་སྡོད།
ལག་ཀ ལགཔ།
ལག་ཁ་བཙུག ལག་རྒྱན་བཀལ།
ལེབ། ཤིང་ལེབ་གཅིག ཤིང་ལེབ་ཟོང་གཅིག རྡོ་ལེབ། ཏི་རུབ་ལེབ་གཅིག
ལེ་ཤ། རྒྱགས་ཚད། འབྱོརཔ་འབྱོར།
ལག་ལེན་འཐབ། སྐབས་ཐོབ་དང་བསྟུན་ཏེ་ རེ་ཚེ་སྐབས་གཡོག་བཀོལ་ཟེར་མི་དེ་ཡང་སླབ་དགོཔ།
ཤ་སྡེ  
ཤིང་གི་རིགས། ཁ་ཤིང་དཀར་དམར་ཤིང་། ཁམ་རྒོད་ཤིང་། ཁྱབ་སི་ཤིང་། ཁེབ་ཆི་ཤིང་། ཁེངམ་ཤིང་། སྒ་མ་ཤིང་། སྒུམ་ཤིང་། རྒྱལ་ཡོལ་ཤིང་། རྒྱས་ཤིང་།གླང་མ་ཤིང་། ཅན་དན་ཤིང་། ཅོག་ཀ་ཤིང་། ལྕེ་རྒྱུ་ཤིང་། ལྕང་མ་ཤིང་། ཆུན་ཤིང་། ཆུམ་ཕུད་ཏ་གང་མའི་ཤིང་། ལྗོངས་སྐྱེམ་ཤིང་། ཉ་སི་ཤིང་། ཏ་ལི་འཆམ་ཤིང་། སྟབས་པའི་ཤིང་། སྟོང་ཤིང་། སྟོང་ཕུག་ཤིང་། སྟོང་སྤམ་ཤིང་། ཐེད་སྟོང་་ཤིང་། ཐིང་ཤིང་། ཐོགམ་ཤིང་། དལ་ཤིང་། དུག་ཤིང་། དུང་དཀར་ཤིང་། གདུང་ཤིང་། དོམ་གྱི་སོག་སྐྱེ་ཤིང་། འདོམས་ཤིང་། ནག་ཀ་པ་ནེ་ཤིང་། སྤང་ཙི་ཤིང་། སྤམ་ཤིང་། སྤྱ་ལམ་ཤིང་། སྤྱེ་བཞུ། སྤུ་ཡམ་ཤིང་། སྤྱ་ཕོད་ཤིང་། པངྨ་གེ་སར་ཤིང་། སྤང་ཙི་ཤིང་། སྤྱི་སི་ཤིང་། ཕོད་ཙི་ཤིང་། འཕང་སེ་ཤིང་། ཕྱིམ་ལ་ཤིང་། ཕྱག་འཚལ་ཤིང་། བ་རུ་ཤིང་། སྦ་ཤིང་། སྦྱིས་ཤིང་། བྱི་ཤིང་། བྱི་ཤིང་།༼ས་ཁ་དམའ་ས༽མ་ཞོངམ་ཤིང་། མེན་ཅུང་ཐིང་ངེ་ཤིང་། མི་བཙུག་དཀར་དམར་ཤིང་། སྨན་ཙ་ལ་ཤིང་། མཚན་ལྡན་ཤིང་། ཞོ་ཤིང་། ཞུང་ཁེ་ཤིང་། ཟར་ཤིང་། ཟེན་ཀྲུ་ཤིང་། ཡིག་ག་ཤིང་། ཤིང་ཙེ་སྨུགཤུགཔ་ཤིང་། སེག་ཤིང་། སི་སི་ཤིང་། སོག་སྐྱེ་དཀརམོ་ཤིང་། སོག་སྐྱེ་གནགམོ་ཤིང་། སེག་ཤིང་། ཨེ་ཏོག་ཤིང་། ཧ་ཤིང་།  ཧོན་ཤིང་། ཨ་གུ་ར་ཤིང་། ཨ་རུ་ཤིང་། ཨོ་ལ་ཟས་མ་ཤིང་། ཨོམ་ལ་ཤིང་། ཨུམ་ཤིང་།

ཟ་ཤིང་གི་རིགས། ཧུམ་པ་ཤིང་། ཨན་འབྲས་ཤིང་།ཨེ་ཀྲ་ཤིང་། ཨམ་ཅུ་ཀུ་ལི་ཤིང་། ཨེ་པཱལ། བལཔ་སིའུ་ཤིང་། བྲམ་ཟེ་ཤིང་། རྒུན་བྲུམ་ཤིང་། གླི་ཤིང་། མངར་རུ་ཁམ་ཤིང་། སྟར་ཤིང་། བརྩོན་འགྲུས་ཤིང་། ཚ་ངང་ལ་ཤིང་། ཚལ་ཤིང་། ལོ་ཚིལ་ཁམ།

ཤིང་ཆས་ཀྱི་བཟོ་དབྱིབས། ཤིང་བྱུ་རིལམ། ཤིང་གཏུམ་རིལམ།
ཤིང་འཐུ་ནིའི་ལཱ་སྐོར། རྩཝ་བསེལ། ཤིང་བརྡབ། ཞལ་ལག་སྤྱི། དུབ་བཏོག ཤིང་བཀག
ཤིང་གཞོག ཚལ་གཞོག བསྐྱར་གཞོག
ཤོབ་སླབ། ཤོབ་རྐྱབ།
ཤ་མུ་འཐུ་ནི། ཤ་མུ་སྤོག་ནི།
སོ་ནམ་ལག་ཆས་ཀྱི་རིགས། ཏོ་ཙེ། གཡུས་ཏོ། རྒྱ་ཏོ། ཀོ་ཏི། ཟོརཝ། ཟོར་ཅུང་། ཙེའུ། རོང་ཙེ།བར་ཙེ།ལུད་ཙེ།
སིན་ཅུ་ལ་བརྒལ་ཏེ་དཀར་སྦྱི་སར་་གཞིས་འགྱོ་སའི་ས་གནས་ཀྱི་མིང་། སྤང་རི་ཟམ་པ། དཀར་སྦྱིས་ས། སྨན་ཆུ་དཀར་པོ། ཕྱག་མི་ན། སྡེ་པའི་ཇ་བསྐོལ་ས། རླུང་སྒོ་འཐོན་ས། སིན་ཅུང་ལ། ཆུ་ལི་བྱང་ས། དུར་སྦྱིས་སྤང་། ལམ་གསར་པའི་འམ་སྦུག སྟོང་བཞུགས་ན། དགའ་ར་ན། རང་རིགས་ཁ། རང་རིགས་ཆུང་ཀུ། གཟར་པའི་ས། གཡུར་བ། ཝང་གཞིས་ཁ།
སཱཔ་ཇི། ཚོད་བསྲེ།
བསམ་འཆར་ཆུང་ཀུ་ཅིག། བསམ་འཆར་ཐུང་ཀུ་ཅིག། བསམ་འཆར་དུམ་གྲ་ཅིག
བསམ་འཆར། མནོ་མི་འདི་
སེམས་དང་མ་ལྡན་པ་སླབ་པའི་མིང་ཚབ། དཀོར་གྱིས་འཚིག་འཚིགཔ། བཀྲ་ངན་། བཀྲ་མ་ཤིསཔ། སྐྱོ་སྐྱོཝ། འཁོལ་གོག ཁུངས་མེདཔ། ཁྱི་གོག གོ་མ་ཆོདཔ། སྒྲིག་མེད་ཁྲིམས་མེད། དགྲའུ། གླང་གོག སྒྱིད་ངན། གྱི་གོག རྒྱལ་གོང་། གླེན་གོ། གང་ཤརམ། སྒྲམ། ཆུ་ཟེ། འཆལ་ཏོམ། འཆལ་ཏོ། ཡ་མེད། ལྟས་ངན་བླ་མེད་སྒྱིག་མེད། ལྟོགས་ཕྱུག རྟ་གོག ཐོད་ནག ཐག་གོག ཐོག་མེད་ཚད་མེད། མཐའ་རྡུག མཐའ་སླུས་དྲག དར་རྒྱས། འདྲེ་ཕྱུག མདེའུ།  དམ་ཉམས། ལྡེ་ལག དྲགོས། འདྲེ་ཟེམ། དཔྱལ་ནག སྤྱང་ཁྱི།  སྤྱོད་ངན། ཕུང་ཟེ། འཕྱན་ཟེ། བ་སྐམ། བྱ་ཏོ། བྱ་རྡུག འབོལ་ཟེ། འབྱིད་སྐོར་ཅན། མི་སྐྱ། མོ་རེངམོ། སྦྱི་ན་ཡ་ཀ སྦྱང་དགར་དགརཝ། བྱཱ་ཁུ་བཀྲ་ཤིས། རྩ་ཐག་སྦོཝ། མཛེ་རྐང་། ཞན་པའི་མི། གཞང་བཙོངམ། ཟ་འདྲེ། ཟ་སྐམ། ཟ་འདོད་སྐེ་ཅུང་། གཡུས་གོག རབས་ཆད། རོ་གནམ། རོ་ཁ། རོ་རྒསཔ། རོ་སེམས་ཚ་བཏབ་ནི། བསམ་ངན་། བསོད་སྡེ་མེདཔ། ལེགས་བྱ་ཉེས་བྱ་མ་ཤེསཔ། ཨམ་གོག ཨཔ་གོག ཨ་ཟེ། ཨར་ཁེ།
པངྨ་དགའ་ཚལ་རྫོང་ཁག་འོག གདུང་བསམ།༽ཤར་སྐད་ནང་གདུང་ཟེར་མི་འདི་དུང་དཀར་ལུ་སླབ་མ་ཚད་ བསམ་ཟེར་མི་འདི་གྱངས་ཁ་གསུམ་ལུ་སླབ་དོ་ཡོདཔ་མ་ཚད། ནར་ཕུང་ལས་ལྟཝ་ད་ མེ་ལོང་བྲཱག་གི་ཁ་ཐུག་བྱག་གུ་ དུང་དཀར་གསུམ་ཡོདཔ་ལས་ གདུང་བསམ་ཟེར་དར་ཁྱབ་སོང་ནུག

གཡུ་རུང་།༽ རྒོལ་མཚོའི་མཇུག་ལུ་རྡོ་ཕུག་ཅིག་གུ་གཡུ་དྲུང་ཁྲ་ལམ་ལམ་སྦེ་ཡོདཔ་ལས་ས་གནས་ཀྱི་མིང་གཡུ་རུང་ཟེར་དར་ནུག

སློབ་ཕྲུག ད་རིས་ནངས་པ་སློབ་ཕྲུག་ཟེར་མི་འདི་དར་ཁྱབ་སོང་ཡོད་རུང་ དེ་བསྒང་ཡིག་ཕྲུགཔ་ཟེར་ཡོངས་གྲགས་འདུག
   
གསོལ་ར་ལེན། གསོལ་ར་ཞུ།
གསུང་བདེན། ཐུགས་བདེན།
ཧ་སྡེ  
ཧོད་ཆས་ཀྱི་རིགས། ཁྱུང་ཅུང་། ལག་ཁྱུང་། དོ་ཆུང་། སྦི་ཁྱབ།
ལྷམ་གྱོན། ལྷམ་བཙུག
ཨ་སྡེ
ཨ་དཱ་གཅིག དམ་སྦྱི་ཕྱེད།
༢ ཨེན་ཏ་གུར་འཛེག་སྟེ་སྤང་གུ་ལས་མར་ཞུད་ནི། ཞུད་ཐལ་རྐྱབ།
ཨོམ་སྲོ་གྱོན། ཨོམ་སྲོ་བཙུག
ཨརཝ་འཛིན་བཟུང་འབད་ནུག ཨརཝ་བཟུང་ཆི་ནུག ཨརཝ་བདའ་ཟུན་ནུག
ཨར་རྐུན་འབད་མི། ཨར་ཁེ།

 

མིང་ཚིག གོ་དོན།
སྐྱ་དུང་དུ། སྐྱ་སེང་སེང་བཟུམ།
སྐྱ་ཐལ། དཀརཔོ་ཁ་གནག་སུ་འཚམས་ཅིག
ཁ་ཇ མར་ཉུང་སུ་ཅིག་དང་ཚྭ་བཏབ་ཞིནམ་ལས་ཇ་ཕྲུག་རྐྱབ་མི་ལུ་ཁ་ཇ།
ཇ་ཐང་། མར་མ་བཙུག་པར་
བརྒྱང་དགར་དགརཝ། གཅིག་ཁྱད་མ་ཆོདཔ། ཚགས་ཁར་མ་ཚུད་མི།
ངར་མེད་རྣོས་མེད། གྱི་རྣོས་མེདཔ་ཁ་རྡུག
གནམ་ཧང་དྲགས་ཧུང་དྲགས། དྲོ་པ་གནམ་མ་ལངསམ་ཅིག་ཁར། ལག་རིས་མིག་གིས་མཐོང་མ་མཐོང་ཅིག་ཁར།
བ བརྡལ་བཤུད་སྤྱི། རྡལ་རལ་སྤོག་རལ།
ཐད་ཀེ་ཉེ་ཀེ འཕྲངམ་འཕྲང་ས།
སྣང་མ་བཅད། ཉིམ་དང་མེའི་འོད་མདངས་མ་བཅད་ཟེར་བའི་དོན།
སྤོ་འདུ། རྣོས་མེད་མི། ཁ་རྡུག
སྦུད་དུང་། མེ་འཕུ་ནིའི་སྦུད་དུང་།
མེ་སྐྱོར། ཐབ་ཀྱི་ཕྱི་ཁར་མེ་རུ་དང་གོ་ཐལ་ཕྱི་ཁར་མི་འགྱོ་ནིའི་མེ་སྐྱོར།
། མེ་ཕྱི་བཟིར། མགུ་ཏོག་ཕྱ་རུ་རུ་བཟོ་བ།
དམར་ངར་ངར། ཤིང་སྲ་ཀྲག་གི་མེ་རུ་དམར་ངར་ངར་ཡོད།
དམར་རུ། ཚོད་བསྲེ་ག་ནེ་ཡང་མ་བླུག་པ་ རྐང་ཅུང་ཉག་རྐྱང་དང་ སྒོང་རྡོག་ཉག་རྐྱང་སྦེ་སྒྱིར་མི་ལུ་ དམར་རུ་ཟེར་སླབ་ཨིན་པས།
མ་འདྲ་གཞུང་འདྲ། ཅོག་འཐདཔ། མ་འདྲ་དངོས་གཞི་ཟེར་ཡང་སླབ་སྲོལ་ཡོད།
༢ ཞུད་ཐལ་རྐྱབ། ཨེན་ཏ་གུར་འཛེག་སྟེ་སྤང་གུ་ལས་མར་ཞུད་ནི།
དབྱེ་ཁྱད་དོ་ཁྱད། གཅིག་གིས་གཅིག་ལས་ཁེ་བཏོག་མ་ཚུགསཔ། དབྱེ་རི་ཕུ་རི་ཟེར་ཡང་སླབ་འོང་།
རྭ་མེད་སྤུ་མེད། ཤུལ་ར་མེདཔ།
ཞིང༌། ལས༌སྒོ།
ཤན་ཐག་ནར་ན ཁ་ལས་སྐྱུགཔ་ད་ཤན་ཐག་འཐོན་དོ་བཟུམ།
ས་ཀྲུ་ཀྲུ། བརྡར་རྡུར་མིན་པ།
ས་ཏག་ཏ། ས་བག་བ།
བསྲན་མ་ཚུགས། མནོ་མ་ཚུགས་པའི་དོན།
ཧུར་ཐག་བ་ཐག ངར་ངེ་ཡོད་མི།
ན ཧུ་རི་རི། གཟུགས་སྟོབས་སྒྲིང་སྒྲི་ཡོདཔ།
ཧ ཧོ་ཐོས་ཐོས། ཤིང་འབྲས་མ་འཚོཔ་བཟུམ།
ཧབ་ཅི་ཀོབ་ཅི། ཅ་ལ་ག་ཅི་ར་འབད་རུང་ ནང་རྫས་ཏག་ཏག་མེད་པ་ཅིན་ ལགཔ་གིས་ནུམ་དང་ཧབ་ཅི་ཀོབ་ཅི་འོང་།
༣ ཧེད། ཚོང་ལྷམ་ཚང་གཅིག་ཁར་བཀྲམ་ཏེ་བཙོང་མི་ལུ་ཧེད་དང་ བཙོང་སའི་ས་གོ་ལུ་ཧེད་ཁྱིམ་ཟེར་སླབ་ཨིན་པས།

 

 

 

 

 

 

 

%d bloggers like this: