//
རྒྱལ་ཡོངས་སྐད་ཡིག >

རྒྱལ་ཡོངས་ཁ་སྐད་ ཡིག་ཐོག་ལུ་འབྲི་ནི་འདི་ ཧེ་མ་དང་ཕྱདཔ་ད་ ད་རིས་ནངས་པ་ཡར་རྒྱས་སོང་ཡོད་རུང་ རྫོང་ཁ་སླབ་ནིའི་ཐད་ལུ་ ངག་གཤིས་དང་མ་མཐུནམ་དང་ ཁ་སྐད་སླ་བསྲེས་སྦེ་སླབ་ནི་འདི་ ལོ་གཅིག་ལས་ལོ་གཅིག་དར་ཁྱབ་འགྱོཝ་ཨིན་པས།
མ་གཞི་རྫོང་ཁ་སླབ་ནི་སྒྲ་དག་ཤོས་འདི་ རྫོང་ཁག་དང་ལུང་ཕྱོགས་ག་ཏེ་ལུ་ཆ་བཞག་ནི་ཨིན་ན་ ཐད་རི་བ་རི་ཅིག་མེདཔ་ལས་ རྫོང་ཁག་དང་གཡུས་ཚན་འདི་ནང་སླབ་སྲོལ་ཡོད་མི་དེ་ སྒྲ་དག་ཤོས་ཨིན་ཟེར་སླབ་ནི་ལུ་ མགོ་འཐོམས་ཡོད་རུང་། གཞུང་གྲྭ་ཚང་ནང་དང་ ཐེད་ཐིམ་གཉིས་ཀྱི་སླབ་སྲོལ་ལུ་གཞི་བཞག་མི་འདི་ར་དྲག་པས་ཟེར་མནོཝ་བཏངམ་ཨིན་མས།
དེ་སྦེ་ཨིན་རུང་ སྤུ་ན་ཁ་ལུང་གཤོང་གི་གཡུས་སྒོ་ལ་ལུ་ཅིག་ནང་ལུ་ བརྗོད་སྒྲ་དག་ཏོག་ཏོ་མེད་མི་ལེ་ཤ་སླབ་མི་ཚུ་དཔྱེ་སྦེ་འབད་བ་ཅིན་ ཚོང་ཉོ་ནི་ལུ་ ནོ་ནི། ཉ་ལུ་ན། ལྷ་ཁང་ལུ་ ཧ་ག ལྷམ་ལུ་ ཧམ་ཟེར་སླབ་དོ་ཡོདཔ་མ་ཚད་ ཝང་གི་མི་ལ་ལུ་གིས་ ཕགཔ་ལུ་ཕོགཔ་ཟེར་སླབ་སྲོལ་ཡོད་མི་ཚུ་སྒྲ་མ་དག་པའི་གྲས་ཁར་བརྩི་དགོཔ་ཨིན་པས།

ལྟག་ལུ་འགྱོ།

 

Discussion

No comments yet.

ཐུགས་འཆར།

Please log in using one of these methods to post your comment:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s

གནད་དོན་མཛོད།

ས་གནས་གཞུང་སྐྱོང་ནང་ ཨམ་སྲུ་ཚུ་གིས་གྲས་ཁར་མ་གཏོགས་མི་འདི་ བཙག་འཐུ་གོ་རིམ་དང་པའི་སྐབས་ལུ་ ཨམ་སྲུ་མི་སྡེའི་འགོ་འཁྲིདཔསྦེ་བཙག་འཐུ་གྲུབ་མི་ཉུ་སུ་ཅིག་འབད་ནི་འདི་གིས་ཨིན་པས།

ཁ་གསལ་སྦེ་གཟིགས།

ད་རིས་ནངས་པ་གི་དུས་ལུ་ ན་གཞོན་མང་ཤོས་ཀྱིས་ར་ མཐོ་རིམ་ཤེས་ཡོན་མཇུག་བསྡུ་ཞིནམ་ལས་ གཞུང་གཡོག་ནང་འཛུལ་ནིའི་རེ་བ་བསྐྱེད་དོ་ཡོདཔ་ཨིན།ཨིན་རུང་ལ་ལུ་ཅིག་གིས་མི་སྡེའི་ནང་ལུ་ མིག་དཔེ་སྟོན་དོ་ཡོདཔ།

ཁ་གསལ་སྦེ་གཟིགས།

རྒྱལ་ཁབ་ནང་ལུ་ལྷ་ཁང་དགོན་སྡེ་ གཞུང་ལམ་གྱི་སྦོ་ལོགས་ཁར་ མཆོད་རྟེན་བཞེང་སྟེ་ཡོད་མི་ཚུ་ ག་ཅིའི་དོན་ལུ་ཨིན་ན་དང་མཆོད་རྟེན་གྱི་དབྱེ་བ་གི་སྐོར་ལས་

ཁ་གསལ།

སྐྱེས་ལོ་འཁོར་བའི་རྟེན་འབྲེལ།

རྐྱེན་དང་བར་ཆད་ག་ནི་ཡང་མེད་པར་ཚེ་དང་བསོད་ནམས་རླུང་རྟ་དར་ཏེ་ རང་གི་བསམ་པའི་དོན་ཚུ་འགྲུབ་ཚུགས་ནི་གི་དོན་ལུ་ རླུང་རྟ་འཕྱར། ཚེ་མདོ་ལྷག དཀར་མེ་བརྒྱ་མཆོད་ཕུལ་ཞིནམ་ལས་ རང་གིས་གཉེན་ཉེཝ་དང་ ཁྱིམ་ཚང་ཚུ་འབོ་སྟེ་ བཞེས་སྒོ་སྦུག་ལུ་བཙུགས་ཏེ་ཟ་འབད་སྦེ་ ཨ་ལོ་ཚེ་རིང་། ནད་ཉུང་ཟེར་བའི་སྨོན་ལམ་བཏབ་དགོཔ་ཨིན།

 

ཝི་ཅེཊ་ཐོག་ལུ་རྫོང་ཁ་སླབ་ཐངས་སྡེ་ཚན་བཟོ་ཡོདཔ།

འཛམ་གླིང་རྒྱལ་ཁབ་ག་ཏེ་ཡང་རྒྱལ་ཡོངས་སྐད་ཡིག་ཅིག་ངོས་འཛིན་འབད་དེ་ གཞུང་འབྲེལ་གྱི་ཕྱག་ལཱ་ག་ཅི་ར་ཨིན་རུང་ རྒྱལ་ཡོངས་སྐད་ཡིག་གི་ཐོག་ལས་མཛད་སྲོལ་ཡོདཔ་ཨིན་རུང་ དུས་དང་བསྟུན་ཏེ་ རང་གི་ཁ་སྐད་བ་འདི་ རྒྱལ་ཁབ་གཞན་གྱི་ཁ་སྐད་ལུ་དང་འདོད་བསྐྱེད་མི་མང་སུ་འཐོན་མི་འདི་ ལུགས་སྲོལ་བཟུམ་ཅིག་ཨིན་རུང་ རྒྱལ་ཁབ་ལ་ལུ་ཅིག་གིས་ རང་སོའི་ཁ་སྐད་འདི་ རྒྱལ་ཁབ་རང་བཙན་གྱི་ངོ་རྟགས་ཅིག་ཨིནམ་ཤེས་ཏེ་ རང་གི་ཁ་སྐད་གཙོ་བོར་བཏོནམ་མ་གཏོགས་ རྒྱལ་ཁབ་གཞན་གྱི་ཁ་སྐད་ཚུ་མ་ཤེསཔ་བཟུམ་བཟོ་སྟེ་ རང་གི་རྒྱལ་ཡོངས་སྐད་ཡིག་ར་གཙོ་བོར་བཏོནམ་ཨིན་པས།  ཁ་གསལ་སྦེ་གཟིགས།

འཕྲལ་གྱི་གནས་ཚུལ།

ཡོངས་འབྲེལ་འདི་ནང་ལུ་བཙུགས་ཏེ་ཡོད་པའི་ གནད་དོན་ག་ཅི་ར་ཨིན་རུང་ བདག་དབང་རྩོམ་སྒྲིགཔ་ལུ་ཡོདཔ་ལས་ ཡིག་ཐོག་གི་གནང་བ་མེད་པར་རྩ་ལས་ར་འདྲ་བཤུས་བརྐྱབ་མི་ཆོག།

རྩོམ་སྒྲིགཔ་ལས་གནང་བ་མེད་པར་འདྲ་བཤུས་རྐྱབ་མི་ཆོག

%d bloggers like this: