བདག་འཛིན་མེད་པའི་སེམས།


༉ ང་རང་སྐྱེས་གཡུས་སྤུ་ན་ཁ་ལས་ཨིན། །ད་ལྟོ་འཁྱམས་ས་ཐིམ་ཕུག་ལུང་པར་མས།  །ལས་སྨོན་འབུམ་གྱིས་ཕྱད་པའི་གཉེན་གྲོགས་དང་།  །རེ་ཚེ་འཆམ་རུང་འཕྲལ་འཕྲལ་འཐབ་དགོ་པས།   །ལུས་ལས་མཆེད་པའི་བུ་དང་བུ་མོ་ལུ།  །ཕན་པའི་བསླབ་བྱ་བྱིན་རུང་ཉན་ཁུག་མེད།  །ལས་ཀྱིས་བཀོད་པའི་གཉེན་གྲོགས་བཞིན་བཟང་ལུ།  །དམ་ཚིག་བསྟེན་རུང་ཡིད་ཆེས་མེད་པར་སྐྱོ།  །འཇམ་པའི་འབོལ་གདན་ལྟག་ལུ་ཉལ་བའི་ཚེ།  །མནོ་ཚེ་དྲན་ཚེ་འཆར་བའི་ངེའི་སེམས་འདི།  །སྐར་མ་གཅིག་ཡང་སྡོད་པའི་དབང་མེད་པར།  །ས་ཕྱོགས་ཐག་རིང་བསྐོར་བར་ཡིད་སྐྱོ་བས།  །ཧ་ལམ་མི་ཚེ་ཕྱད་ཀ་རྫོགས་སོང་རུང་།  །གཞོན་པའི་སྣང་བ་མ་ཡལ་ངེའི་སེམས་འདི།  །སྨན་ཆུང་བུ་མོའི་པད་མའི་ཟེའུ་འབྲུ་ལས། །སྦྲང་རྩི་འཐུང་པའི་རེ་འདུན་རྫོགས་མ་ཚུགས།  །ལོ་རྒྱུས་དེ་བཟུམ་འབྲིཝ་ད་དགོད་བྲ་བས།  །མནོ་བསམ་ན་འཐན་བཏངམ་ད་སེམས་ཁྲུལ་བས།  །ད་མཚམས་ཚོད་རང་གིས་བཟུང་སྟེ་གིས།  །འཆི་ཁར་ཕན་པའི་མ་ཎི་བགྱང་ད་གེ།  །

%d bloggers like this: