དགའ་རོགས་ཕྱད་ཚུལ།


རང་ལོ་སོ་དགུའི་སྐབས་ལུ། །བརྒྱུད་འཕྲིན་ཨང་གྲངས་འཛོལ་ཏེ། །ལས་འཕྲོ་ཡོད་པའི་མི་དང་། །ཕྱད་ནིའི་གོ་སྐབས་ཐོབ་ཅི། །གཅིག་གིས་གཅིག་ལུ་དགའ་བའི། །ཧིང་གཏམ་ཉི་མའི་འོད་ཟེར། །ཕར་བཤད་ཚུར་བཤད་འབད་དེ། །ལོ་ངོ་བཞི་ཙམ་སོང་ཡི། །ཉིས་སྟོང་བཅུ་གཅིག་ལོ་ལུ། །ཕྱི་རྒྱལ་ཨཱས་ཀྲེ་ལར། །འགྱོ་ནིའི་ལོ་རྒྱུས་གོཝ་ད། །རྩ་ལས་སྡོད་སར་མ་ཆགས། །ཧ་ལམ་ལོ་ངོ་གསུམ་ཙམ། །དངོས་སུ་ཞལ་མཇལ་མེད་རུང་། །འགྲུལ་འཕྲིན་མོ་བྷལ་ནང་ལས། །དགའ་བའི་ལོ་རྒྱུས་བཤད་ཅི། །རང་གི་སྙིང་གྲོགས་ལྷ་མོ། །རྒྱལ་ཁབ་ནང་ལུ་ལྷོད་དེ། །དངོས་སུ་གཅིག་ཁར་ཕྱདཔ་ད། །དགའ་ལི་སྔུ་ལི་ཐལ་ཡི། །ལུས་ལུ་ན་ཚ་མེད་པར། །སེམས་ལུ་སྡུག་བསྔལ་མེད་པར། །ཧིང་གཏམ་བཤད་པའི་དུས་ཚོད། །རིམ་གྱིས་རྫོགས་ཏེ་འགྱོ་དོ། །ཚེ་འདིར་གཉེན་གྲོགས་སྡོམ་པའི། །སྐལ་བ་རང་ལུ་མེད་རུང་། །ཕྱི་མ་དགའ་བའི་ཡུལ་བཟང་། །ཕྱད་པའི་སྨོན་ལམ་ཞུ་ནི། །

 

%d bloggers like this: