གང་ཤར་ཀ་རྩོམ།


ཀ་པ་བླ་མ་རིན་པོ་ཆེ།།
ཁ་བ་སྒྲོལ་མ་ངེའི་སྙིང་གྲོགས།།
ག་ཏེ་སོང་སྟེ་སྡོད་སྡོདཔ་སྨོ།།
ང་གིས་རྩ་ལས་འཚོལ་མ་ཐོབ།།

ཅ་ཆས་རོགས་ལུ་མ་བྱིནམ་ལས།།
ཆ་རོགས་ཅིག་ལུ་སླབ་བཏང་ཡི།།
ཇ་ཅིག་བྱིན་སྦེ་གྲོགས་རམ་འཚོལ།།
ཉ་ཅིག་ཉོ་ནིའི་ཏི་རུ་ལྷང་།།

ཏ་མ་ཕྱི་རུའི་བློ་སླབ་རུང་།།
ཐ་ན་མིག་གིས་མི་ལྟ་བས།།
ད་ལྟོ་ཨིན་ཨིན་འདྲཝ་ར་བཟོ།།
ན་ཚ་བྱུངམ་ད་ལཱ་ཁག་གཏང་འོང་།།

པ་ལང་ནང་གི་ཆང་འཐུང་ན།།
ཕ་མའི་སེམས་ཁར་མི་འབབ།།
བ་ཅིག་ཉོ་སྟེ་གསོ་འབད་སྦེ།།
མར་དང་དར་ཚིལ་བཙོང་ཉོ་གེ།།

ཙ་རིའི་རོང་སྐོར་རྐྱབ་པ་ལུ།།
ཚ་དང་བུལ་ཏོ་འབག་མི་དགོ།།
ཛ་ཏི་ག་བུར་གུ་རམ་འབག།
ཝ་གཞག་མཁས་པའི་གྲས་ཁར་ཚུད།།
ཞར་དང་ཞོར་ལས་འུ་སྡུག་རུང་།།
ཟ་འཐུང་འབོལ་ཚད་མེདཔ་སྦེ་ཐོབ།།
འ་དོམ་ལྟོ་ལེ་ཆེ་རུང་ར།།
ཡ་རབ་ཀྱི་གྲས་ཁར་མི་ཚུད།།

ར་ཅིག་འགྲང་པའི་རྩ་དང་ཆུ།།
ལ་གི་རྩེ་མོར་ཨིན་རུང་རང་།།
ཤ་ར་ར་ཡར་ཡར་འཛེགས་ཏེ།།
ས་གོ་ནང་ལུ་ལྷོད་ཅི་གོ།།

ཧ་ཧ་ཁུངས་མེད་ཀ་རྩོམ་འདི།།
ཨ་ཙི་ལྷག་སྟེ་བཀའ་དྲིན་བསྐྱང་།།

%d bloggers like this: