སྐུ་གཟུགས་རྒྱང་བསྒྲགས་ལས་ཁང་།


རྒྱལ་ཁབ་ནང་ རེ་ཌིའོ་རྒྱང་བསྒྲགས་ལས་ཁང་ སོམ་ཤོས་གཉིས་པའི་ནང་ཚུད་མི་ སྐུ་གཟུགས་རྒྱང་བསྒྲགས་འདི་ ༢༠༠༦ཟླ་༩པའི་ཚེས་༢༨ལུ་ གཞི་བཙུགས་འབད་ནུག། ལས་ཁང་འདི་ ན་གཞོན་ཚུ་གི་ སྙན་ཆ་ཉན་ནི་དང་ རང་སོའི་བསམ་འཆར་དང་ སྣང་འཆར་ཚུ་བཤད་
ས་ དེ་ལས་ སོ་སོའི་ཉམས་མོང་ཚུ་ བརྗེ་སོར་འབད་སའི་ ས་གོ་ངོ་མ་ཅིག་ཨིན། སྐུ་གཟུགས་རྒྱང་བསྒྲགས་འདི་ མི་སེར་ལས་འགུལ་ཐོག་གི་ ལས་འགུལ་འགོ་དང་པ་ཨིན། ལས་ཁང་འདི་ མི་དབང་མངའ་བདག་རིན་པོ་ཆེའི་དྲུང་ཆེན་ཡིག་ཚང་གི་ དབང་ཁྱབ་འོག་ལུ་ཚུད་དོ་
ཡོདཔ་ད་ ༢༠༠༨ཀྱི་ལོ་ལས་ རང་སྐྱོང་ལས་ཚོགས་ཅིག་སྦེ་ བསྒྱུར་བཅོས་འབད་ནུག། འདི་གིས་ རོང་ཁ་དང་ཨིན་སྐད་གཉིས་ནང་སྦེ་ གནས་ཚུལ་དང་གནད་དོན་སྣ་ཚོགས་དང་ བརྡ་དོན་དང་ སྤོ་སོན་ལས་རིམ་ དེ་ལས་ཤེས་རིག་ལས་རིམ་ཚུ་ ཉིན་བསར་བཞིན་ དུས་ཡུན་ཆུ་
ཚོད་༢༤གི་རིང་ རྒྱང་བསྒྲགས་འབདཝ་ཨིན།
འགྲེམ་སྒྲོམ་ཨངཿ ༤༡༩། འབྲུག་ ཐིམ་ཕུག
བརྒྱུད་འཕྲིན་ཨངཿ ༣༣༥༢༦༤། པར་འཕྲིན་ཨངཿ ༣༣༥༢༦༣།
ཡོངས་འབྲེལ་ཁ་བྱངཿ http://www.kuzoo.net
%d bloggers like this: